འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རྒྱལ་ཡོངས་ཀྱི་ཞིང་སྤྱོད་རྫས་ལུད་སྤྱོད་ཚད་ཧ་ལམ་འཕར་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན་རྒྱལ་ཡོངས་ཀྱི་ཤིང་འབྲས་དང་། སྔོ་ཚལ། ཇ་བཅས་ལ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་དང་དོན་འཁྱོལ་བྱེད་པའི་ཚོགས་འདུ་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དུ་འཚོགས་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་རྒྱལ་ཡོངས་ཀྱི་ཞིང་སྤྱོད་རྫས་ལུད་སྤྱོད་ཚད་དེ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཧ་ལམ་འཕར་མེད་པ་དང་ཞིང་ཆེན་ཁག་གཅིག་ཏུ་ཆག་ཡོད་པ་རེད། ཞིང་སྨན་སྤྱོད་ཚད་དེ་2005ལོར་འཕར་མེད་པའི་རྨང་གཞིའི་ཐོག་མུ་མཐུད་ཆག་པའི་རྣམ་པ་མངོན་ཡོད་པ་རེད།
          ཚོགས་འདུའི་ཐོག་ཤིང་འབྲས་དང་། སྔོ་ཚལ། ཇ་བཅས་ལ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པའི་ལས་དོན་སྤེལ་རྒྱུ་ནི་ཞིང་ལས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་། ལྗང་མདོག་སྤུས་ལེགས་ཞིང་ལས་ཀྱི་ཐོན་རྫས་མཁོ་སྤྲོད་བྱེད་མང་དུ་གཏོང་རྒྱུ། ཞིང་ལས་ཀྱི་མ་གནས་དམའ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཁ་ཚ་དགོས་གཏུགས་ཤིག་ཡིན་ལ། གསར་གཏོད་རང་བཞིན་གྱི་ལས་དོན་ཞིག་ཀྱང་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ལས་ཀའི་དངོས་ཡོད་ཀྱི་དགོས་གཏུགས་བསམ་པ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་དེའི་ནང་དོན་དང་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ་གཙོ་གནད་ལ་དམིགས་པ་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
          ཞིང་ལས་པུའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་པུའུ་ཀྲང་གཞོན་པ་ཡུས་ཤིན་རུང་གིས། འདི་ལོ་ནི་ཤིང་འབྲས་དང་། སྔོ་ཚལ། ཇ་བཅས་ལ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པའི་བྱ་སྤྱོད་སྤེལ་བའི་ལོ་དང་པོ་དེ་ཡིན་པས། ས་ཁུལ་ཁག་གིས་ཞིང་ལས་པུའི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། རྣམ་གྲངས་རེ་རེ་བཞིན་ལ་སྐུལ་འདེད་གཏོང་བ་དང་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱས་ཏེ་2020ལོར་སླེབས་སྐབས་ཤིང་འབྲས་དང་། སྔོ་ཚལ། ཇ་བཅས་ཀྱི་ལེགས་ལྡན་ཐོན་ལས་ཁུལ་དུ་རྫས་ལུད་སྤྱོད་ཚད་20%ཡན་ཉུང་དུ་གཏོང་བ་དང་། ཤིང་འབྲས་དང་། སྔོ་ཚལ། ཇ་བཅས་ཀྱི་ལྟེ་བའི་ཐོན་ལས་ཁུལ་དང་གྲགས་ཅན་སྤུས་རྟགས་ཐོན་སྐྱེད་རྟེན་གཞིར་ཁུལ་རྫས་ལུད་སྤྱོད་ཚད་50%ཡན་ཉུང་དུ་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ནས་ཐོན་རྫས་ཀྱི་རྒྱུ་སྤུས་དག་ཏུ་དང་ས་རྒྱུའི་སྤུས་ཀ་ལེགས་སུ་གཏོང་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།