འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཐོན་རྫས་སྣ་ཁ་40ལྷག་ཙམ་ལ་ཁོར་ཡུག་མཚོན་རྟགས་ཀྱི་བདེན་དཔང་ར་སྤྲོད་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཁོར་ཡུག་མཚོན་རྟགས་ནི་རང་རྒྱལ་གྱི་ལྗང་མདོག་འཛད་སྤྱོད་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད་ལ་ཁེ་ལས་ཀྱི་སྦགས་བཙོག་དངོས་པོ་ཉུང་གཏོང་དང་ཐོན་ཁུངས་ནུས་རྒྱུ་གྲོན་ཆུང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ནའང་ཕན་པ་ཡོད་པ་ཞིག་རེད། གསར་འགོད་པར་ཚེས་14ཉིན་འཚོགས་པའི་ཀྲུང་རིའི་ཁོར་ཡུག་སྲུང་སྐྱོང་རིམ་མཐོའི་གྲལ་སྐོར་གྲོས་ཚོགས་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ཀྲུང་གོ་ཁོར་ཡུག་མཚོན་རྟགས་འཆར་གཞིའི་ནང་ཐོན་རྫས་ཚད་གཞི་ཁྱོན་99ཡོངས་བསྒྲགས་བྱས་པ་དང་ཁེ་ལས་4000ལྷག་ཙམ་གྱི་ཐོན་རྫས་སྣ་ཁ་40ལྷག་ཙམ་ལ་ཁོར་ཡུག་མཚོན་རྟགས་ཀྱི་བདེན་དཔང་ར་སྤྲོད་ཐོབ་ཡོད་པ་རེད།
          ཁོར་ཡུག་སྲུང་སྐྱོང་པུའུ་ཀྲུང་རིའི་མཛའ་གྲོགས་ཁོར་ཡུག་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་རེན་ཡུང་གིས་ལྗང་མདོག་འཛད་སྤྱོད་ནི་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཐུན་འཕྲོད་འཛད་སྤྱོད་བྱེད་སྟངས་ཤིག་རེད། 2006ལོ་ནས་བཟུང་རང་རྒྱལ་གྱིས་ཁོར་ཡུག་མཚོན་རྟགས་ཀྱི་ཐོན་རྫས་སྲིད་གཞུང་གི་ཉོ་སྒྲུབ་བྱེད་ཁོངས་སུ་བཅུག་ཡོད། 2015ལོར་ཀྲུང་གོ་ཁོར་ཡུག་མཚོན་རྟགས་ཐོན་རྫས་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པ་དེས་སྲིད་གཞུང་གིས་རིགས་གཅིག་པའི་ཐོན་རྫས་ཉོ་སྒྲུབ་བྱས་པའི་ནང་བཟུང་བའི་བསྡུར་ཚད་81.5%ཟིན་མོད། འོན་ཀྱང་རང་རྒྱལ་གྱི་ལྗང་མདོག་འཛད་སྤྱོད་ཀྱི་བྱ་སྤྱོད་ནི་ཁ་ཐོར་དང་། རིམ་ལྡན་མིན་པ། གཞི་ཁྱོན་ཡང་ཅུང་ཆུང་བས་ཕན་འབྲས་དེ་ཙམ་མངོན་གསལ་དོད་པོ་མེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་རང་རྒྱལ་གྱི་འཛད་སྤྱོད་བྱེད་ཚད་མགྱོགས་མྱུར་འཕར་བ་དང་ཆབས་ཅིག་ཐོན་ཁུངས་དང་ནུས་རྒྱུ་འཛད་སྤྱོད་ཀྱང་བརྟན་འཕར་བྱུང་ཡོད། གཞན་ཡང་འཛད་སྤྱོད་པའི་ཁྲོད་དུ་འཕྲོ་བརླག་གཏོང་བ་དང་འཛད་སྤྱོད་ཚད་བརྒལ་བྱས་པའི་གནད་དོན་ཡང་ལྷག་གི་ཡོད། མིག་སྔར་རང་རྒྱལ་གྱི་ལྗང་མདོག་འཛད་སྤྱོད་ནི་སྐར་ཁུང་གོ་སྐབས་ཀྱི་དུས་མཚམས་སུ་སླེབས་པས་གོ་སྐབས་དེར་དམ་འཛིན་བྱས་ན་ཀྲུང་གོའི་ལྗང་མདོག་འཛད་སྤྱོད་བྱེད་སྟངས་ཆགས་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།