འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཁོ་སྤྲོད་འབེལ་དུ་སོང་བས་ཤ་ཚལ་སྒོང་གསུམ་གྱི་རིན་གོང་ཆག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཚོང་དོན་པུས་ཚེས་8ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཀྱི་འཆར་ཅན་ཚོགས་འདུའི་ཐོག་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་སུན་ཅི་ཝུན་གྱིས་ཉེ་བའི་དུས་མཚམས་ཤིག་རིང་ཕག་ཤ་དང་། སྒོ་ང་། ཚལ་སོགས་ཞིང་ལས་ཐོན་ཟོག་རིན་གོང་ཆག་ཚད་མངོན་གསལ་དོད་པོ་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི་མཁོ་སྤྲོད་འབེལ་དུ་སོང་བས་རེད། ཕག་ཤའི་ཁྲོམ་རར་ཆ་མཚོན་ན། འདི་ལོའི་དུས་ཚིགས་དང་པོའི་ཕག་ཤའི་ཐོན་ཚད་དང་ཕག་པ་བཤས་གཏོང་ཚད་ཡོངས་2015ལོའི་ཚུན་གྱི་འཕར་ཐེངས་དང་པོ་རེད་ཅེས་བརྗོད་པ་རེད།
           ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། གཟའ་འཁོར་གོང་མར་རྒྱལ་ཡོངས་ཀྱི་བཟའ་བཅའི་ཞིང་ལས་ཐོན་ཟོག་ཁྲོམ་རའི་རིན་གོང་སྟོན་གྲངས་དུས་མཚུངས་ལས་5.5%ཆག་སྟེ་2015ལོའི་ཟླ་7པའི་ཟླ་དཀྱིལ་ཚུན་གྱི་དམའ་ཤོས་སུ་སླེབས་ཡོད། དེའི་ནང་ཕག་ཤའི་ཆ་སྙོམས་སྡེབ་ཚོང་རིན་གོང་དུས་མཚུངས་ལས་22%ཆག་པ་དང་། སྒོ་ངའི་ཆ་སྙོམས་སྡེབ་ཚོང་རིན་གོང་དུས་མཚུངས་ལས་25%ཆག་པ། སྔོ་ཚལ་སྣ་ཁ་30ཡི་ཆ་སྙོམས་སྡེབ་ཚོང་རིན་གོང་དུས་མཚུངས་ལས་7%ཆག་ཡོད། འབྲུ་རིགས་དང་། བཟའ་སྣུམ། ནོར་ལུག་གི་ཤ་སོགས་ཞིང་ལས་ཐོན་ཟོག་གཞན་གྱི་རིན་གོང་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
          སུན་ཅི་ཝུན་གྱིས་ཚོད་དཔག་བྱས་ན་ལོ་སྨད་དུ་རྒྱལ་ནང་གི་ཕག་པ་དང་དེ་བཞིན་ཕག་ཤའི་ཁྲོམ་རའི་མཁོ་སྤྲོད་བརྟན་པོའི་ངང་འཕར་ནས་རིན་གོང་སྤྱི་ཡོངས་ཆག་པའི་རྣམ་པ་ཐོན་པ་དང་། སྒོ་ངའི་ཁྲོམ་རར་ཉེ་དུས་མཁོ་སྤྲོད་འབེལ་པོ་བྱུང་ནའང་སྟོན་དུས་སུ་སླེབས་རྗེས་སྒོ་ངའི་རིན་གོང་བརྟན་པོའི་ངང་འཕར་རེ་ཡོད་པ། འབྱུང་འགྱུར་ཟླ་བ་འགའ་ཤས་རིང་སྔོ་ཚལ་གྱི་རིན་གོང་སྤྱི་ཡོངས་མུ་མཐུད་ཆག་རྒྱུ་ཡིན་ཡང་། ཐོན་ཟོག་ཁག་གཅིག་དུས་མཚམས་རེ་ཟུང་དང་ས་ཁུལ་ཁ་ཤས་སུ་རིན་གོང་འཕར་ཆེ་བའི་རྣམ་པ་ཐོན་སྲིད་ཅེས་བརྗོད་པ་རེད།
           སུན་ཅི་ཝུན་གྱིས་ཤ་ཚལ་སྒོང་གསུམ་གྱི་རིན་གོང་ཆག་པ་དེ་རྒྱ་ཆེའི་འཛད་སྤྱོད་པའི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་ཡིན་ཡང་། ཚོང་དོན་པུས་ཚལ་གོང་ཆག་ནས་ཞིང་པར་གྱོང་གུན་ཕོག་སྲིད་པའི་ལྡོག་ཕྱོགས་ཀྱི་ནུས་པར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཚོང་དོན་པུས་ཁྲོམ་རའི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་འགྱུར་ལྡོག་གི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་ལ་སྔར་བས་ལེགས་པའི་སྒོ་ནས་མཛུབ་ཁྲིད་བྱ་རྒྱུ་རེད། དེ་དང་ཕྱོགས་མཚུངས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་སོགས་ལ་བརྟེན་ནས་ཞིང་པའི་ཚོང་ལམ་རྒྱ་ཆེར་གཏོང་རོགས་བྱ་རྒྱུར་སྐུལ་མ་ཧུར་ཐག་བཏང་སྟེ། ཕྱིར་འཚོང་ནར་འགྱངས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།