འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།གནའ་གཞུང་སྲུང་སྐྱོང་བྱས་ནས་ལོ་བཅུ་འཁོར་བའི་གྲུབ་འབྲས་འགྲེམས་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན། རྒྱལ་ཁབ་དཔེ་མཛོད་ཁང་(རྒྱལ་ཁབ་གནའ་གཞུང་སྲུང་སྐྱོང་ལྟེ་གནས)གིས་གཙོ་གཉེར་བྱས་པའི“གནའ་གཞུང་སྲུང་སྐྱོང་དང་། ཤེས་དཔལ་རྒྱུན་འཛིན། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ—གནའ་གཞུང་སྲུང་སྐྱོང་དང་ཕུལ་བྱུང་གི་གྲུབ་འབྲས་འགྲེམས་སྟོན”གྱི་བརྗོད་དོན་གཙོ་བོའི་ཁྱབ་གདལ་འགྲེམས་སྟོན་བྱེད་སྒོ་རྒྱལ་ཁབ་དཔེ་མཛོད་ཁང་གི་གནའ་གཞུང་ཁང་དུ་གཉེར་བ་རེད། ད་ཐེངས་འགྲེམས་སྟོན་ཐོག་འགྲེམས་པང་རྣམ་པའི་ཐོག་ནས་ལོ་བཅུ་རིང་གནའ་གཞུང་སྲུང་སྐྱོང་རྩ་འཛུགས་སྒྲིག་གཞི་འཛུགས་སྐྲུན་དང་། གནའ་གཞུང་ཡོངས་བཤེར། གནའ་གཞུང་རིམ་པ་བཞིན་སྲུང་སྐྱོང་དང་གསོག་འཇོག་ཁོར་ཡུག་ལེགས་གཏོང་། གནའ་གཞུང་ཉམས་གསོ་སྲུང་སྐྱོང་། གནའ་གཞུང་སྲུང་སྐྱོང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་། གནའ་གཞུང་སྲུང་སྐྱོང་གི་ཁྲིམས་སྲོལ་ཚད་གཞི་བཟོ་བ་སོགས་བརྒྱུད་རིམ་ལྡན་པའི་ངང་ངོ་སྤྲོད་བྱས་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། 2007ལོའི་ཟླ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གནའ་གཞུང་སྲུང་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར་》པར་འགྲེམས་བྱས་ནས། “ཀྲུང་ཧྭའི་གནའ་གཞུང་སྲུང་སྐྱོང་གི་འཆར་གཞི”དངོས་སུ་སྤེལ་འགོ་ཚུགས་པ་རེད། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་གནའ་གཞུང་སྲུང་སྐྱོང་བྱས་ནས་ལོ་བཅུ་སོང་རིང་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དྲིལ་བསྒྲགས་བྱེད་པ་དང་འབྲེལ་དེ་གོ་སྐབས་སུ་བརྩིས་ནས་སྤྱི་ཚོགས་ཡོངས་སུ་གནའ་གཞུང་སྲུང་སྐྱོང་གི་འདུ་ཤེས་ཁྱབ་གདལ་གཏོང་བ་དང་སྤྱི་དམངས་ཀྱི་གནའ་གཞུང་སྲུང་སྐྱོང་གི་འདུ་ཤེས་སྐྱེད་སྲིང་བྱ་རྒྱུ་དེ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།