འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལག་ཤེས་བཟོ་རྩལ་ལ་བཀྲག་མདངས་བསྣན།

    མཛོད་དགེའི་བོད་རིགས་དངུལ་བཟོ་བ་ཁག་གཅིག་གིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱེད་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། འཕྲུལ་ཆས་ཐོན་སྐྱེད་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་དེང་གི་དུས་འདིར་སྲོལ་རྒྱུན་གྱི་བཟོ་རྩལ་ཁག་གཅིག་རིམ་བཞིན་ཉམས་བཞིན་ཡོད། འོན་ཀྱང་མི་ཁག་གཅིག་གིས་རྒྱུན་འཛིན་བྱེད་རིང་མཐའ་འཁྱོངས་དང་བརྟན་སྲུང་བྱེད་རིང་དར་སྤེལ་བཏང་ནས་ལག་ཤེས་བཟོ་རྩལ་ལ་བཀྲག་མདངས་བསྣན་པར་བྱས། མཛོད་དགེ་རྫོང་ཧུང་ཤིང་གྲོང་རྡལ་གྱི་དངུལ་བཟོ་བ་ཚོས་བོད་རིགས་ཀྱི་དངུལ་རྒྱན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བཞིན་ཡོད།
           བོད་རིགས་མི་དམངས་ཀྱི་འཚོ་བའི་ནང་ལག་ཤེས་བཟོ་རྩལ་ཐོན་རྫས་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། དགོན་སྡེའི་ཚོན་མདངས་རྣམ་པར་བཀྲ་བའི་གསེར་ཟངས་ཀྱི་རྒྱ་ཕིབས་དང་། མི་སེར་གྱི་འཚོ་བའི་ནང་སྤྱོད་པའི་ཡོ་ཆས། ལུས་ཀྱི་རྒྱན་ཆ། ཁྱིམ་གྱི་སྒྲིག་ཆས། ཁང་པའི་རྒྱན་ཆ་ལ་སོགས་རེད། ལག་ཤེས་བཟོ་རྩལ་གྱི་རྒྱན་ཆ་སྤུས་རྟགས་རེ་རེ་ནི་བོད་རིགས་ས་ཁུལ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། མཛོད་དགེ་རྫོང་ཧུང་ཤིང་གྲོང་རྡལ་ལྷ་མོ་དགོན་གྱི་ཐོག་བརྩེགས་ཁང་ཆེན་ཞིག་ནས་བཟོ་པས་ལྕགས་བརྡུང་བའི་སྒྲ་ཐོས་རྒྱུ་ཡོད། དེའི་ནང་དངུལ་བཟོ་བ་ཚོས་ལྷ་མོ་དགོན་གྱི་དངུལ་གྱི་མཆོད་རྟེན་བཞེངས་བཞིན་འདུག དངུལ་བཟོ་བ་ཚོས་དངུལ་ཆས་བཟོ་སྟངས་ནི་ངར་གཏོང་བ་དང་། ཐོ་བས་བརྡུང་བ། སྣོལ་སྒྲིག་བྱེད་པ། རི་མོ་བརྐོ་འབྲི་སོགས་བྱེད་དགོས་ཀྱི་ཡོད། རི་མོ་མང་ཆེ་བ་ནི་ཁྱུང་འབྲུག་དང་མེ་ཏོག་དང་འདབ་ཆགས་སོགས་ཡིན་ཞིང་། དངུལ་ཆས་བཟོ་བའི་བརྒྱུད་རིམ་ནང་དཔེ་ལྟ་ས་མེད། ང་ཚོས་རྒན་རབས་དང་། ནང་ཆོས། འཚོ་བ་བཅས་ལ་གཞིགས་ནས་བསམ་བཀོད་བྱས་ཏེ་དབུགས་ཐེངས་གཅིག་ལ་ཐོན་ཟོག་གཅིག་བཟོ་ཡི་ཡོད་ཅེས་ངོ་སྤྲོད་བྱས། བགྲེས་སོང་དབུ་རྒྱན་རྡོ་རྗེ་ནི་བཟོ་པ་དེ་ཚོའི་གྲས་ནས་ལོ་ན་མཐོ་ཤོས་ཡིན་ཞིང་། ཁོང་ལོ་བཅུ་གཉིས་ནས་ལག་རྩལ་སྦྱངས་ཏེ་ད་བར་ལོ་བཞི་བཅུ་ལྷག་ཙམ་སོང་ཡོད། མེས་པོའི་ལག་ཤེས་བཟོ་རྩལ་སྟོངས་ཉེར་ཡོད་པའི་མཚམས་སུ་ཁོང་ཡིད་མུག་པོར་གྱུར། ཁོང་གིས“ད་ཆ་མཛོད་དགེས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད། ལག་ཤེས་བཟོ་རྩལ་གྱི་དངུལ་ཆས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། ངས་ཡུལ་སྐོར་ལ་བརྟེན་ནས་བོད་རིགས་ཀྱི་སྲོལ་རྒྱུན་དངུལ་ཆས་བཟོ་རྩལ་དར་རྒྱས་གཏོང་འདོད་འདུག ལག་ཤེས་དངུལ་ཆས་ལ་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པ་དང་དེང་རབས་དངུལ་ཆས་བཟོ་རྩལ་དང་བསྡུར་ན་བོད་རིགས་དངུལ་བཟོ་བ་ཚོས་སྲོལ་རྒྱུན་གྱི་དངུལ་ཆས་བཟོ་བའི་ཡོ་ཆས་དང་བཟོ་རྩལ་གྱི་ལག་ཤེས་རྒྱུན་འཛིན་དང་སྣ་མང་ཕུན་སུམ་ཚོགས་པའི་དམངས་ཁྲོད་རིག་གནས་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་བྱེད་ཀྱི་ཡོད། འོན་ཀྱང་མི་རབས་རྒྱུན་འཛིན་གྱི་ལག་རྩལ་སྟོངས་ཉེར་ཡོད་པ་དང་། སྲོལ་རྒྱུན་གྱི་བོད་རིགས་ལག་ཤེས་དངུལ་བཟོའི་ལག་རྩལ་ནི་ཀྲུང་ཧྭའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན། ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པས་ང་ཚོས་དེ་བས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ལག་ཤེས་སྲུང་སྐྱོབ་ཡག་པོ་བྱེད་དགོས། དེ་སྔ་ཧུང་ཤིང་གྲོང་རྡལ་དུ་དུད་ཚང་ཉི་ཤུ་ལྷག་ཙམ་ལག་ཤེས་སྒྱུ་རྩལ་དེ་རིགས་སྦྱངས་རུང་ད་ཆ་དུད་ཚང་དགུ་ཁོ་ནས་མ་གཏོགས་ལག་རྩལ་དེའི་རྒྱུན་འཛིན་བྱེད་ཀྱི་མེད”ཅེས་དབུ་རྒྱན་རྡོ་རྗེས་འུ་ཐུག་ངང་བཤད།
           ལོ་དེ་དག་ནང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ལག་ཤེས་བཟོ་རྩལ་ལ་མི་སྔར་བས་མང་བས་དགའ་པོ་བྱེད་ཅིང་། སྐམ་འཛིན་བཟོ་པ་དང་། ཐོ་བ། འཛིན་ཆས་ལ་སོགས་ནི་ལག་ཤེས་བཟོ་པས་དངུལ་བཟོས་སྣོད་ཆས་བཟོ་བའི་མེད་དུ་མི་རུང་བའི་ཡོ་བྱད་དུ་གྱུར་ཡོད། དོ་སྣང་དེ་ཙམ་ཆེན་པོ་མེད་པའི་དངུལ་ཁོང་ཚོས་ལས་སྣོན་བྱས་པ་བརྒྱུད་འོད་ཆེམ་ཆེམ་དུ་འཕྲོ་བའི་རྒྱན་ཆས་སུ་འགྱུར་གྱི་ཡོད། “སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ལ་རྒྱུན་འཛིན་ཁྲོད་གསར་གཏོད་ཀྱང་བྱེད་དགོས། ང་ཚོས་དེ་བས་ཞིབ་ཚགས་ངང་བཟོས་པའི་དངུལ་གྱི་རྒྱན་ཆ་དེ་འཕྲུལ་ཆས་ཀྱིས་ལས་སྣོན་བྱས་པའི་དངུལ་གྱི་རྒྱན་ཆ་དང་གཅིག་མཚུངས་རེད”ཅེས་དབུ་རྒྱན་རྡོ་རྗེས་སྤོབས་སེམས་ཆེན་པོས་བཤད།
           འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་གཞིར་བཟུང་།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།