འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་རྫོང་100གཏན་
    འཁེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོར་ཞིང་ལས་པུས་ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་དང་མཉམ་དུ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་འོས་སྦྱོར་བརྒྱུད་སྒྱུར་བཅོས་ཀྱི་རྨང་གཞི་ཅུང་ལེགས་པའི་རྫོང་(གྲོང་ཁྱེར་དང་ཆུས)100བདམས་ནས་རེས་སྐོར་གསར་པའི་སྒྱུར་བཅོས་ཀྱི་ཚོད་ལྟའི་ཚན་པར་གཏན་འཁེལ་བྱས་པ་རེད།
            གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་མ་བཏང་ནས་གྲོང་གསེབ་ཀྱི་བེད་མེད་རྒྱུ་ནོར་གྱི་ནུས་པ་འདོན་སྤེལ་བྱེད་པར་བརྟག་དཔྱད་མཐིལ་རྟོགས་བྱེད་དགོས། མིག་སྔར་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་སྤྱི་འབོར་གྱི་གཞི་ཁྱོན་ཆེ་བ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་རྩིས་ཐོའི་ཐོག་གི་རྒྱུ་ནོར་སྤྱི་འབོར་(བོད་ལྗོངས་ཚུད་མེད་པ)སྒོར་དུང་ཕྱུར་ཁྲི་2.86དང་གྲོང་ཚོ་རེའི་ཆ་སྙོམས་སྒོར་ཁྲི་493.6ཟིན་པའི་ནང་། ཤར་རྒྱུད་ས་ཁུལ་གྱི་རྒྱུ་ནོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་2.16ཟིན་པ་དེས་རྒྱུ་ནོར་སྤྱི་འབོར་གྱི་75.5%བཟུང་ཞིང་། གྲོང་ཚོ་རེའི་ཆ་སྙོམས་སྒོར་ཁྲི་929.5ཟིན་པ་རེད།
          གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཤིང་། མིག་སྔར་རྒྱལ་ཡོངས་ཀྱི་40%ཙམ་གྱི་གྲོང་ཚོར་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་བཙུགས་པ་དང་། གྲོང་ཚོ་60%ཙམ་ནི་གྲོང་མི་ཨུ་ལྷན་གྱིས་འགན་ནུས་ཚབ་བསྟར་བྱེད་གྱིན་ཡོད་ནའང་། ལག་ལེན་གྱི་ཐོག་ནས་བལྟས་ན། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་ནི་ཁ་ཕྱོགས་ཡིན་པ་རེད།
          ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་གསོན་ཤུགས་ཁྱོན་ཡོངས་ནས་འཕེལ་བར་གཏོང་དགོས། གྲོང་གསེབ་ཀྱི་བེད་མེད་རྒྱུ་ནོར་གང་ལེགས་སྤྱད་ཚེ་གཞི་ནས་དེང་རབས་ཞིང་ལས་དང་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་སྐུལ་མ་གཏོང་ཐུབ་པ་དང་། གཞི་ནས་ཞིང་པའི་ཡོང་འབབ་འཕར་ཐུབ། མིག་སྔར་ཞིང་པའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ནང་ནས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཀྱིས་49.5%དང་། ཁྱིམ་ཚང་གི་གཉེར་སྐྱོང་ཡོང་འབབ་ཀྱིས་35.9% གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་ཀྱིས་11.0% རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཀྱིས་3.6%བཟུང་ཡོད།
          རེས་སྐོར་འདིའི་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་ཀྱི་སྒྱུར་བཅོས་ཚོད་ལྟའི་དུས་ཡུན་ལོ་གཉིས་ཡིན་པ་དང་། 2018ལོའི་ཟླ་12པའི་ཟླ་མཇུག་ཏུ་མཇུག་བསྒྲིལ་རྒྱུ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།