འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི“གནད་སྨིན་དབུལ་སྐྱོར་ལག་བསྟར་ཁྲོད་གནས་པའི་གནད་དོན་དང་
    གྲོས་འགོའི”རེས་སྐོར་གཉིས་ཀྱི་ས་གནས་ས་ཐོག་གི་བརྟག་ཞིབ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་3པར་ལས་དོན་སྤེལ་འགོ་ཚུགས་པ་ནས་ཟླ་6པའི་ཟླ་སྟོད་བར། རྒྱལ་ཡོངས་སྲིད་གྲོས་ཀྱིས“གནད་སྨིན་དབུལ་སྐྱོར་ལག་བསྟར་ཁྲོད་གནས་པའི་གནད་དོན་དང་གྲོས་འགོར”དམིགས་ནས་སྔ་རྗེས་སུ་རེས་སྐོར་གཉིས་ཀྱི་ལྟ་སྐུལ་རང་བཞིན་གྱི་བརྟག་ཞིབ་བྱེད་སྒོ་སྤེལ་བ་རེད།
           ཟླ་གཉིས་ལྷག་ཙམ་རིང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་ཧྥུའུ་ཧོ་དང་། ལི་ཧའེ་ཧྥང་། ཝང་ཀྲེན་ཝུའེ། མ་པེའོ། མ་ཕེ་ཧྭ་བཅས་ཀྱིས་རུ་སྣེ་འཁྲིད་པ་དང་། བརྟག་ཞིབ་ཚོགས་ཆུང་ཆེ་བ་15དང་ཆུང་བ་43བཙུགས་ཏེ། སྔ་རྗེས་སུ་ཞིང་ལྗོངས་གྲོང་ཁྱེར་15དང་རྫོང་ཆུས་75ལ་བསྐྱོད་ནས་གཅིག་སྡུད་ཐོག་བརྟག་ཞིབ་ལས་དོན་སྤེལ་ཞིང་། བརྟག་ཞིབ་ཀྱི་རིམ་པ་དང་། གཞི་ཁྱོན། ནུས་པ། ཁྱབ་རྒྱ་བཅས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མཐོ་ཤོས་བཏོད་པ་མ་ཟད། འགན་སྒྲུབ་ཐད་གྲུབ་འབྲས་གལ་ཆེན་ཡང་ཐོབ་ཡོད་པ་རེད།
           དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་དང་དཀའ་གནད་ལ་བརྟག་ཞིབ་བྱས་པ་དང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཐད་གནང་བའི་དགོངས་པ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་ཡོངས་རང་བཞིན་དང་། རྒྱུན་མཐུད་རང་བཞིན། རྨང་གཞིའི་རང་བཞིན། རྩ་བའི་རང་བཞིན། བློས་འགེལ་རང་བཞིན་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བཟུང་བ་དང་། གྲོས་མོལ་དམངས་གཙོའི་ཁྱད་ཆོས་ལེགས་ཆ་མངོན་པར་བྱས་ཏེ་གྲོས་མོལ་གྱི་རྒྱ་ཁྱབ་རང་བཞིན་དང་། འདྲ་མཉམ་རང་བཞིན། གཏིང་ཟབ་རང་བཞིན་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་300ཙམ་འཚོགས་པ་རེད། དམངས་ཆེད་འགན་འཁྲི་སྒྲུབ་པའི་སྟོན་ཕྱོགས་ཁ་གསལ་མངོན་པར་བྱས་ཏེ་རེས་སྐོར་དང་པོར་གྲོང་ཚོ་104དང་ཞིང་པའི་དུད་ཚང་600ལྷག་ཙམ་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དངོས་ཡོད་གནས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས་ཤིང་། དམངས་གཙོའི་ལྟ་སྐུལ་གྱི་ངོ་བོ་དང་ཁྱད་ཆོས་མངོན་པར་བྱས་ཏེ་བརྟག་ཞིབ་བྱས་ནས་གནད་དོན་ཤེས་རྟོགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཐབས་འདོན་ཇུས་འདོན་བྱས་པ་དང་གནས་པའི་གནད་དོན་ལ་དམིགས་ནས་བསམ་འཆར་བཏོན་པ་རེད། གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་མངོན་པར་བྱས་ཏེ་ཕྱོགས་བཅུ་ལྷག་ཙམ་གྱི་གནད་དོན་གཙོ་བོ་46ལ་དམིགས་པ་དང་། ཕྱོགས་ཡོངས་ནས་བརྟག་ཞིབ་དང་ཆེད་དོན་བརྟག་ཞིབ་ཀྱི་རེས་སྐོར་གཉིས་ཀྱི་བརྟག་ཞིབ་བྱེད་ཐབས་གཙོ་བོར་བཟུང་ཐོག ཞིང་ལྗོངས་7གྱི་སྲིད་གྲོས་དང་མཉམ་དུ་བརྟག་ཞིབ་དང་རྫོང་དབུལ་པོ་24ཡི་ནོར་སྲིད་ཆེད་དོན་བརྟག་ཞིབ་ཀྱིས་ཁ་གསབ་ཏུ་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་སྒྲོམ་གཞི་གྲུབ་ཡོད། བརྟག་ཞིབ་ནང་ཞུགས་མཁན་བློ་མཐུན་ཚོས་བློ་ཁོག་ཆེན་པོས་འགན་འཁུར་བ་དང་། འགག་སྒྲོལ་དཀའ་སེལ། བསྟུད་མར་དམག་འཐབ་བཅས་བྱས་ཏེ་བརྟག་ཞིབ་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་ཡོད་པ་རེད།
           མིག་སྔའི་བར། རྒྱལ་ཡོངས་སྲིད་གྲོས་ཀྱི“གནད་སྨིན་དབུལ་སྐྱོར་ལས་དོན་ཁྲོད་གནས་པའི་གནད་དོན་དང་གྲོས་འགོའི”རེས་སྐོར་གཉིས་ཀྱི་ས་གནས་ས་ཐོག་གི་བརྟག་ཞིབ་ལས་དོན་རྩ་བའི་ཆ་ནས་མཇུག་འགྲིལ་ནས། བརྟག་ཞིབ་སྙན་ཞུའི་མ་ཟིན་བཟོ་བ་དང་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུའི་ཚོགས་ཆེན་གཏམ་བཤད་འདེམས་སྒྲུག་བཟོ་བཅོས་རྒྱག་པའི་དུས་མཚམས་སུ་སླེབས་ནས་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུའི་ཚོགས་འདུ་འཚོག་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།