འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་དབུལ་པོ་ལས་ཞུགས་ལས་གཏོདཐུབ་རྒྱུར་རོགས་སྐྱོར་ཧུར་ཐག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཐིང་འདིས་ངལ་རྩོལ་པ་དབུལ་པོའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་དང་། ངལ་རྩོལ་པ་དབུལ་པོའི་ལས་རིགས་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན། མི་འབོར་དབུལ་པོའི་སྤྱི་ཚོགས་འགན་བཅོལ་གྱི་ཆུ་ཚད་མཐོར་གཏོང་སོགས་ཕྱོགས་6ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ངལ་རྩོལ་པ་དབུལ་པོ་ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་ཞིང་ཆེན་གྱིས་2016ལོར་སྤྱི་ཕན་རང་བཞིན་གྱི་ལས་གནས་1165གསར་སྤེལ་བྱས་པའི་རྨང་གཞིའི་ཐོག་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོར་དབུལ་སྐྱོར་སྤྱི་ཕན་རང་བཞིན་གྱི་ལས་གནས་835གསར་སྤེལ་བྱས་པ་དག་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལ་བཀོད་སྒྲིག་བྱས་ནས་ཆེད་མངགས་ལས་ཞུགས་དབུལ་སྐྱོར་ལས་དོན་གྱི་འགན་འཁུར་བཅུག་པ་དང་། ལས་གནས་ཀྱི་ཁ་གསབ་དང་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སོགས་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་བཞིན་དོན་འཁྱོལ་བྱས་པ་མ་ཟད། ད་དུང་དབུལ་པོར་རང་བརྟེན་ལས་གཏོད་བྱ་རྒྱུའི་ལྕག་སྐུལ་བྱས་པ་དང་ལས་གཏོད་ཀྱི་འདུན་པ་ཡོད་པ་དང་ལས་གཏོད་ཀྱི་ནུས་པ་ངེས་ཅན་ཡོད་པའི་རོགས་སྐྱོར་བྱ་ཡུལ་ལ་དེའི་ལས་གཏོད་ཀྱི་འདུན་པ་དང་གསོ་སྦྱོང་གི་དགོས་མཁོ་གཞིར་བཟུང་དམིགས་སའི་རང་བཞིན་གྱི་ལས་གཏོད་ཀྱི་གསོ་སྦྱོང་བྱས་པ་དང་ལས་གཏོད་མཛུབ་སྟོན་གྱི་ཞབས་ཞུ་མཁོ་འདོན་བྱས་པ། ངལ་རྩོལ་ནུས་ཤུགས་དབུལ་པོའི་ལས་གཏོད་ཀྱི་ཁག་ཐེག་བུན་གཏོང་དང་། ལས་གཏོད་ཐོག་མའི་ཁ་གསབ། ཐེངས་གཅིག་རང་བཞིན་གྱི་ལས་གཏོད་བྱ་དགའ་བཅས་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་པ། ས་ཁུལ་དབུལ་པོའི་ཞིང་པ་ལས་མི་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཁྲལ་བསྡུ་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་པ་རེད།
           མཚོ་སྔོན་ཞིང་ཆེན་གྱིས་སླད་ཕྱིན་ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭ་ཁག་ལ་ཁྱིམ་ཚང་དབུལ་པོའི་སློབ་མ་གཞན་གྱི་སྔོན་ལ་བསྡུ་རྒྱུ་དང་། ཆེད་ལས་སྔོན་ལ་འདེམས་སུ་འཇུག་རྒྱུ། དངོས་སྦྱོང་བྱ་རྒྱུ་སྔོན་ལ་བཀོད་སྒྲིག་བྱ་རྒྱུ། ལས་ཀ་སྔོན་ལ་ངོ་སྤྲོད་བྱ་རྒྱུ་བཅས་ཀྱི་ལྕག་སྐུལ་བྱ་རྒྱུ་རེད། ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭའི་ཁྱིམ་ཚང་དབུལ་པོའི་སློབ་མའི་སློབ་སྐྱོར་རོགས་དངུལ་དང་། སློབ་ཡོན་རྩ་ཆག སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། འཚོ་བའི་ཁ་གསབ་རོགས་དངུལ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དང་དེ་བཞིན་ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭའི་ཁྱིམ་ཚང་དབུལ་པོའི་སློབ་མའི་སློབ་ཡོན་རྩ་ཆག་གཏོང་རྒྱུ་དང་ཆབས་ཅིག་སློབ་མ་རེར་ལོ་རེར་ད་དུང་སློབ་སྐྱོར་རོགས་དངུལ་སྒོར་2000སྤྲོད་རྒྱུ་དང་དབུལ་སྐྱོར་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭའི་ཁྱིམ་ཚང་དབུལ་པོའི་སློབ་མར་ལོ་རེར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་3000སྤྲོད་རྒྱུའི་སྲིད་ཇུས་ཀྱང་དོན་འཁྱོལ་བྱ་རྒྱུ་རེད།
          མི་འབོར་དབུལ་པོའི་སྤྱི་ཚོགས་འགན་བཅོལ་ཆུ་ཚད་མཐོ་རུ་གཏོང་བའི་ཐད། 《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་ལེན་དང་རོགས་སྐྱོབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་སྤྱོད་འཆར་གཞི་》ལ་སྐུལ་འདེད་བཏང་སྟེ“རྩ་ཆག་གཅིག་དང་ཆག་ཡང་བདུན”དང“ཡོངས་ཁྱབ་བཅུ”ཡི་སྲིད་ཇུས་དོན་འཁྱོལ་ལས་དོན་མཐུན་སྦྱོར་ངང་ཡག་པོ་བསྒྲུབས་ནས་མི་འབོར་དབུལ་པོར་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དུས་ཐོག་དང་གྲངས་ཚང་ངང་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་མ་དངུལ་གྲབས་གསོག་གི་ཚད་གཞི་ལེགས་སྒྲིག་དང་མཐོ་རུ་བཏང་སྟེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་མི་སྒེར་གྱི་མ་དངུལ་གྲབས་གསོག་གི་ཆ་ཤས་དེ་སྲིད་གཞུང་གིས་བཏང་ནས་རོགས་རམ་བྱེད་ཐུབ་པ་ཚང་མར་རོགས་རམ་བྱ་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་སྨན་བཅོས་འགན་བཅོལ་དང་མ་དངུལ་གྲབས་གསོག་གི་ཚད་གཞི་ལེགས་སྒྲིག་དང་མཐོ་རུ་བཏང་སྟེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ནད་ཆེན་སྨན་བཅོས་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་དམའ་རུ་གཏོང་རྒྱུ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།