འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎འབར་མའི་འབྲེལ་ཐག་ཆད་པའི་དམག་སྤྱོད་དབོར་འདྲེན་གནམ་གྲུའི་ཆག་རོ་དང་རྐྱེན་ལམ་
    དུ་ཤོར་བའི་མི་འགའ་ཤས་ཀྱི་བེམ་རོ་རྙེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎འབར་མའི་འབྲེལ་ཐག་ཆད་པའི་དམག་སྤྱོད་དབོར་འདྲེན་གནམ་གྲུའི་ཆག་རོ་དང་རྐྱེན་ལམ་
དུ་ཤོར་བའི་མི་འགའ་ཤས་ཀྱི་བེམ་རོ་རྙེད་པ།
         མི་དམངས་དྲ་བའི་འཕྲིན། འབར་མའི་རྒྱལ་སྲུང་དམག་གི་དམག་སྤྱི་ཁང་ནས་ཟླ་6ཚེས་8ཉིན་ཡོངས་བསྒྲགས་བྱས་པ་ལྟར་ན། འཚོལ་སྐྱོབ་མི་སྣས་ཉིན་དེའི་སྔ་དྲོར་འབར་མའི་ལྷོ་རྒྱུད་ཀྱི་ཐཱ་ཉིན་ཐཱར་དབྱི་(Tanintharyi)ཞིང་ཆེན་ལཱང་ལུང་(Launglon)གྲོང་ཁྱེར་གྱི་ལྷོ་ནུབ་མཚོ་ཁོངས་སུ་ཚེས་7ཉིན་འབྲེལ་ཐག་ཆད་པའི་དམག་སྤྱོད་དབོར་འདྲེན་གནམ་གྲུའི་ཆག་རོ་དང་རྐྱེན་ལམ་དུ་ཤོར་བའི་མི་འགའ་ཤས་ཀྱི་བེམ་རོ་རྙེད་པ་རེད། གནམ་གྲུ་འདི་ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་ཐཱ་ཉིན་ཐཱར་དབྱི་(Tanintharyi)ཞིང་ཆེན་གྱི་མཚོ་ཁའི་གྲོང་ཁྱེར་ཨོད་རྡན་(Old Dan)ནས་དབྱང་ཀོང་(Yangon)ལ་འཕུར་རྩིས་ཡོད་མོད། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་རྡ་བཱེ་(Dawei)ཡི་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ་69ཙམ་ཡོད་སར་རྡ་བཱེ་(Dawei)གནམ་གྲུ་ཐང་དང་འབྲེལ་བ་མཐའ་མ་བྱས་པ་དང་། དེའི་རྗེས་སུ་འབྲེལ་ཐག་ཆད་པ་རེད། གནམ་གྲུ་དེའི་ཐོག་ཁྱོན་བསྡོམས་མི་122ཡོད་ཅིང་། གནམ་གྲུའི་ཐོག་གི་ལས་བྱེད་མི་སྣ་14དང་འགྲུལ་བ་108ཚུད་པ་རེད།
          པར་རིས་འདི་དག་ནི་ཟླ་6ཚེས་8ཉིན་ཐཱ་ཉིན་ཐཱར་དབྱི་(Tanintharyi)ཞིང་ཆེན་ལཱང་ལུང་(Launglon)གྲོང་ཁྱེར་གྱི་ཉེ་འགྲམ་དུ་འཚོལ་སྐྱོབ་མི་སྣས་རྐྱེན་ལམ་དུ་ཤོར་བའི་བེམ་རོ་གནས་སྤོ་བྱེད་བཞིན་ཡོད་པའི་ཚུལ་རེད།
    ༄༅༎འབར་མའི་འབྲེལ་ཐག་ཆད་པའི་དམག་སྤྱོད་དབོར་འདྲེན་གནམ་གྲུའི་ཆག་རོ་དང་རྐྱེན་ལམ་
དུ་ཤོར་བའི་མི་འགའ་ཤས་ཀྱི་བེམ་རོ་རྙེད་པ།
    ༄༅༎འབར་མའི་འབྲེལ་ཐག་ཆད་པའི་དམག་སྤྱོད་དབོར་འདྲེན་གནམ་གྲུའི་ཆག་རོ་དང་རྐྱེན་ལམ་
དུ་ཤོར་བའི་མི་འགའ་ཤས་ཀྱི་བེམ་རོ་རྙེད་པ།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།