འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་དར་རྩེ་མདོའི་མངའ་ཁོངས་སུ་རི་ཉིལ་བའི་གནས་ཚུལ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་རྒྱལ་ལམ་318ལམ་རྒྱུད་ཀྱི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོའི་མངའ་ཁོངས་སུ་རི་ཉིལ་ནས་གཞུང་ལམ་འགག་ཀྱང་མི་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད། གཞུང་ལམ་མགྱོགས་མྱུར་ཉམས་གསོ་བྱས་པ་བརྒྱུད་མིག་སྔར་ཤར་གཏོང་ཐུབ་ཡོད། རིགས་གཅིག་མཁན་ཅན་གྱིས་འབྲུབ་དུས་ཤར་བས་ཁ་ལོ་བས་ཡིད་གཟབ་ངང་རླངས་འཁོར་གཏོང་དགོས་པའི་དྲན་སྐུལ་བྱས་པ་རེད།
          ཚེས་3ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ་རྒྱལ་ལམ་318ལམ་རྒྱུད་ཀྱི་དར་རྩེ་མདོ་གྲོང་ཁྱེར་མངའ་ཁོངས་ཀྱི་འགག་ཟུར་གྲོག་རོང་གི་སྤྱི་ལེ་2822སར་རི་ཉིལ་ནས་ལམ་འགག་ཅིང་། འཕྲལ་མར་ལམ་བཤངས་བྱས་པ་བརྒྱུད་ཉིན་དེའི་ཆུ་ཚོད་13ཙམ་ལ་ལམ་ཤར་གཏོང་ཐུབ་ཡོད། གཞུང་ལམ་ཤར་གཏོང་ཐུབ་རྗེས་ལམ་སྐྲུན་བཟོ་པ་དང་འགྲིམ་འགྲུལ་ཉེན་རྟོག་པས་གཞུང་ལམ་ཐོག་བཀོད་འདོམས་བྱས་ཏེ་རླངས་འཁོར་ཤར་གཏོང་ཐུབ་པ་བྱས་ཡོད།
          དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་བདེ་འཇགས་སྐྱེལ་འདྲེན་དོ་དམ་ཁོའོ་ཡི་ལས་དོན་པ་ཧོ་ཐུང་ཧའེ་ཡིས་དཀར་མཛེས་ཁུལ་དུ་ལོ་ལྟར་གྱི་ཟླ་5པ་ནས་8པའི་བར་ཆར་པ་འབབ་མང་བར་བརྟེན་རི་ཉིལ་བའི་གནས་ཚུལ་ཐོན་གྱི་ཡོད། ལྷག་པར་དུ་དར་རྩེ་མདོ་ནས་ཉག་ཆུའི་དབར་རི་མཐོ་ཞིང་གཡང་གཟར་བས་རང་བྱུང་གི་གནོད་འཚེ་ཐོན་སླ་ཤོས་ཀྱི་ལམ་དུམ་ཡིན་པས་ཁ་ལོ་བས་དཀར་མཛེས་ཁུལ་གྱི་གཞུང་ལམ་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་དགོས་ལ་སྨྱན་སྦྱོར་དང་དྲ་རྒྱ་སོགས་ཐོག་ནས་གཞུང་ལམ་གྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས་ཞེས་བཤད།
          བོད་དུ་སྐྱོད་སའི་ལམ་གཙོ་བོའི་གྲས་ཤིག་ཡིན་པའི་རྒྱལ་ལམ་318ལམ་རྒྱུད་ལ“ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གཞུང་ལམ”ཞེས་བརྗོད་ཀྱི་ཡོད། རྒྱལ་ལམ་དེ་ཧྲང་ཧའེ་ནས་འགོ་ཚུགས་ཏེ་ནུབ་ཕྱོགས་སུ་སྤྱི་ལེ་5476བཞུད་ཚེ་མཐར་བོད་ལྗོངས་གཞིས་རྩེའི་གཉའ་ནང་རྫོང་འགྲམ་གྲོང་རྡལ་དུ་འབྱོར་གྱི་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།