འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཨ་དབུས་རྒྱུད་ཀྱི་རྒྱལ་ཁབ་གསུམ་གྱི་ལྕགས་ལམ་པ་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་
    གྱི་རྩལ་ནུས་གསོ་སྦྱོང་ནང་ཐེངས་དང་པོ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་ཧ་སག་སི་ཐན་དང་། ཁེར་གྷི་སི་ཐིན། ཨུ་ཟ་བྷེ་སི་ཁི་ཐན་བཅས་རྒྱལ་ཁབ་3ནས་ཡོང་བའི་ལྕགས་ལམ་གཉེར་སྐྱོང་དོ་དམ་མི་སྣ་30ལྷག་ཙམ་ཝུའུ་ཧན་མྱུར་བགྲོད་ལྕགས་ལམ་སྦྱོང་བརྡར་དུམ་བུར་འབྱོར་ནས་རང་རྒྱལ་དུ་དུས་ཡུན་ཉིན་གཉིས་རིང་གི་མྱུར་བགྲོད་ལྕགས་ལམ་གྱི་རྩལ་ནུས་གསོ་སྦྱོང་ནང་ཐེངས་དང་པོ་ཞུགས་པའི་དམིགས་ཡུལ་ནི“རྒྱུད་གཅིག་ལམ་གཅིག”ཁྲོད་ཀྱི་ལྕགས་ལམ་མཉམ་ལས་བྱེད་མགྱོགས་སུ་གཏོང་བའི་རྣམ་གྲངས་ལ་རྨང་གཞི་འདིང་ཆེད་ཡིན།
         ཝུའུ་ཧན་མྱུར་བགྲོད་ལྕགས་ལམ་སྦྱོང་བརྡར་དུམ་བུ་ནི་རྒྱལ་ཡོངས་ཀྱི་ལྕགས་ལམ་ནང་གི་མྱུར་བགྲོད་ལྕགས་ལམ་གྱི་རྩལ་ནུས་གསོ་སྦྱོང་གི་ཆོག་འཐུས་སྒྲིག་གཞི་འབའ་ཞིག་དེ་ཡིན་པས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ“ཕྱིར་སྐྱོད་རྒྱུར”ཞབས་འདེགས་ཞུ་རྒྱུ་སྒུལ་ཤུགས་སུ་བྱས་ནས་རྒྱལ་སྤྱིའི་མྱུར་བགྲོད་ལྕགས་ལམ་གསོ་སྦྱོང་གི་དགོས་མཁོ་གསར་པ་དང་འཚམ་པ་ཞིག་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་དེ་རེད། “རྒྱུད་གཅིག་ལམ་གཅིག”གི་རྒྱབ་ལྗོངས་འོག་ན་ནིང་ཁོ་ན་ཚུན་ཐེ་ལན་དང་ལོ་སི་སོགས་ཕྱི་རྒྱལ་དང་འབྲེལ་བའི་ལྕགས་ལམ་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཁག་6གཉེར་བར་གསོ་སྦྱོང་ནང་ཞུགས་མཁན་ཕྱི་རྒྱལ་གྱི་སློབ་མ་200ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།