འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུས་ཤིན་ཅང་གི་ཐ་ཧྲི་ཁུའར་ཀན་གྱི་ས་ཡོམ་རིམ་པ་5.5བརྒྱབ་པའི་གེགས་
    ཁུལ་ལ་ཀྲུང་དབྱང་གི་གེཌ་སེལ་དངོས་རྫས་ཛ་དྲག་ངང་གཏོང་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། དམངས་སྲིད་པུས་གེགས་ཁུལ་གྱི་དགོས་མཁོ་ལྟར་ཀྲུང་དབྱང་གི ་གེགས་སེལ་དངོས་རྫས་འཇོག་ཡུལ་ཏེ་ཁེ་ཧྲི་དང་། ཝུའུ་ལུའུ་མུའུ་ཆི། ཝུའུ་ཧན་བཅས་ཀྱི་དཀོར་མཛོད་ནས་ཤིན་ཅང་ཐ་ཧྲི་ཁུའར་ཀན་གྱི་ས་ཡོམ་རིམ་པ་5.5བརྒྱབ་པའི་གེགས་ཁུལ་ལ་གུར་2200དང་། ཕོ་ཁེབས་5000 སྲིང་བལ་བར་ཚངས་ཀྱི་ལྭ་རིང་5000 ལྟེབ་རྩེག་ཉལ་ཁྲི་5000 མལ་ཤུབས་5000 ལྟེབ་རྩེག་སྒྲོག་རྩེ་དང་རྐུབ་བཏེགས་5000སོགས་ཀྲུང་དབྱང་གི་གེགས་སེལ་དངོས་རྫས་མྱུར་དུ་གཏོང་སྤྲོད་བྱས་ཏེ། གེགས་ཁུལ་ལ་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྐབས་བཀོད་སྒྲིག་ལས་དོན་ཡག་པོ་སྤེལ་རོགས་བྱས་པ་རེད།
           དེ་གོང་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་དམངས་སྲིད་པུས་ཤིན་ཅང་ཐ་ཧྲི་ཁུའར་ཀན་དུ་ས་ཡོམ་རིམ་པ་5.5བརྒྱབ་པར་དམིགས་ནས་རྒྱལ་ཁབ་ཀྱི་IVརིམ་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་ཛ་དྲག་ངང་བྱེད་འགོ་བཙུགས་ཏེ། ལས་དོན་ཚོགས་ཆུང་གེགས་ཁུལ་དུ་མངགས་ཏེ་ཤིན་ཅང་གིས་གེགས་འགོག་གེགས་སེལ་ལས་དོན་ཡག་པོ་སྤེལ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།