འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འགག་སྒོ་ལས་ཁུངས་ཀྱིས་སླར་ཡང་བྱེད་ཐབས་ཁག་12བཏོན་ནས་རྒྱུད་གཅིག་ལམ་གཅིག་
    འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་འགག་སྒོ་ལས་ཁུངས་སྤྱི་ཁྱབ་ཧྲུའུ་ཡིས་2017ལོར་འགག་སྒོ་ལས་ཁུངས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་ཁག་བཅུ་གཉིས་བཏོན་པའི་ནང་འགག་སྒོ་འབྱེད་པ་དང་། ལྟ་སྐུལ་དོ་དམ། རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན། ཁྲིམས་འཛིན་མཉམ་ལས་སོགས་ཁྱབ་ཁོངས་མང་པོ་ཚུད་ཅིང་། འགག་སྒོ་ལས་ཁུངས་ཀྱི་གཙོ་གནད་ལས་སྒོའི་སྒྱུར་བཅོས་ལ་དམིགས་ནས་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་དང་། མཉམ་ལས་མ་ལག་གཏོད་པ། ལམ་རྒྱུད་རྒྱལ་ཁབ་ཀྱི་ཚོང་དོན་དང་། མ་འཇོག མི་སྣ་འགྲོ་འོང་བཅས་ཉིན་བཞིན་དམ་ཟབ་ཏུ་འགྲོ་བའི་བླང་བྱ་དང་བསྟུན་པ་བཅས་བྱས་ནས་ཚོང་དོན་ཤར་བགྲོད་དང་སྒྲིག་ཆས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་བ་རེད།
          འགག་སྒོ་ལས་ཁུངས་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཀོང་ཀྲི་ཡིས་《གཙོ་གནད་ལས་དོན་》གྱི་ནང་དོན་གཙོ་བོ་ཁག་ལྔའི་ཐད་མངོན་པ་སྟེ། གཅིག་ནས་འགག་སྒོའི་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བའི་ནང་འགག་སྒོས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་འཕེལ་རྒྱས་དོན་འཁྱོལ་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་ས་ཁུལ་གྱི་རྣམ་གྲངས་བཟོ་བར་ཤུགས་སྣོན་རྒྱག་པ་དང་། ཡུན་ནན་དང་ཀོང་ཤིས་སོགས་སུ“འགག་སྒོ་གཅིག་དང་འགྲོ་ལམ་མང་པོའི”ལྟ་སྐུལ་དོ་དམ་བྱེད་སྟངས་གཏོད་པར་རྒྱབ་སྐྱོར་བྱེད་པ། སྐམ་སའི་དབུས་ཁུལ་གྱི་ལྕགས་ལམ་དོས་སྒམ་ས་ཚིགས་ཀྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆ་རྐྱེན་གཏོད་པ། ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་དུ་གཙོ་གནད་འགག་སྒོར་དམིགས་ནས་མཉམ་ལས་བྱས་ཏེ་རྒྱལ་མཚམས་ལས་སྒྲོལ་བའི་ལྟ་སྐུལ་དོ་དམ་གྱི་བརྒྱུད་རིམ་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་ཚུད་པ་དང་། གཉིས་ནས་ལམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་གྱིས་ལམ་རྒྱུད་འགག་སྒྲོལ་ཆེ་མོའི་མཉམ་ལས་ལམ་སྲོལ་འཛུགས་པའི་བྱ་སྤྱོད་འཆར་གཞི་ཞིབ་འཇུག་བྱས་ཏེ་བཟོ་བ་དང་། འགག་སྒྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལོ་འདིའི་ནང་རྒྱལ་ཡོངས་འགག་སྒྲོལ་གཞི་གཅིག་ཅན་སྤྱིར་ན་མངོན་འགྱུར་བྱེད་པ། གསུམ་ནས་ཚོང་དོན་སྟབས་བདེར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་ཟོག་འགྲེམས་ཀྱི་བགྲོད་ལམ་ཆེ་མོ་བསྐྲུན་རྒྱུར་རྒྱབ་སྐྱོབ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་གྲངས་གཞི་བརྗེ་རེས་དང་ལྟ་སྐུལ་དོ་དམ་ཕན་ཚུན་ངོས་འཛིན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་ལམ་ཐག་ཧྲིལ་པོའི་འགག་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། བཞི་ནས་ཚོང་དོན་བདེ་འཇགས་བརྟན་དུ་བཏང་ནས་འགག་སྒོ་ལས་ཁུངས་ཀྱིས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་ཚོང་དོན་བདེ་འཇགས་སྲུང་སྐྱོང་བྱེད་པའི་དཔྱད་གཞི་ཞིབ་འཇུག་གཏིང་ཟབ་བྱས་ནས། ལམ་རྒྱུད་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྒྲིག་གཞིའི་མཁོ་སྤྲོད་སྦྲེལ་མཐུད་ཀྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་མུ་མཐུད་རྒྱག་པ། ལྔ་ནས་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་དང་ས་ཁོངས་དང་ཕྱོགས་མང་མཉམ་ལས་ལམ་སྲོལ་གཞི་རྟེན་དུ་བྱས་ནས་ལམ་རྒྱུད་འགག་སྒོའི་མཉམ་ལས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། ཕྱོགས་གཉིས་པོའི་ཐད“རྒྱུད་གཅིག་ལམ་གཅིག”གི་སྤེལ་མཚམས་གལ་ཆེན་གྱི་རྒྱལ་ཁབ་འགག་སྒོ་ལས་ཁུངས་ཀྱི་AEOཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་བ་བཅས་རེད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།