འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཞི་ཁོ་རྒྱལ་ཁབ་ཏུ་ཤོག་སྦག་མཛོད་ཁང་འབར་གས་བྱུང་ནས་ཉུང་མཐར་ཡང་མི་
    14གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 18:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མོ་ཞི་ཁོ་རྒྱལ་ཁབ་ཏུ་ཤོག་སྦག་མཛོད་ཁང་འབར་གས་བྱུང་ནས་ཉུང་མཐར་ཡང་མི་
14གྲོངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན། མོ་ཞི་ཁོ་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཡིས་སྤྱི་བསྒྲགས་སྤེལ་ནས་ཚེས་8ཉིན་གྱི་དགོང་མོར་མོ་ཞི་ཁོ་རྒྱལ་ཁབ་དབུས་རྒྱུད་ཀྱི་ཕུའུ་ཨའེ་པུའུ་ལ་ཀྲོའུ་རུ་ཤོག་སྦག་འབར་གས་གྱི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་14གྲོངས་པ་དང་། མི་20ལྷག་ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།
         སྤྱི་བསྒྲགས་ནས་འབར་གས་དོན་རྐྱེན་ནི་ཕུའུ་ཨའེ་པུའུ་ལ་ཀྲོའུ་ཡི་གྲོང་ཁྱེར་ཉེ་ཁུལ་གྱི་ཤོག་སྦག་མཛོད་ཁང་དུ་བྱུང་བ་དང་། དོན་རྐྱེན་འབྱུང་རྐྱེན་ནི་མི་ཞིག་གིས་མཛོད་ཁང་དུ་ཤོག་སྦག་འཕངས་ནས་འབར་གས་ཐེངས་མང་བྱུང་བས་ཁང་པ་རྡིབ་ནས་དུས་གནས་དེ་གར་མི་9གྲོངས་པ་དང་། གཞན་ཡང་ཉུང་མཐར་ཡང་མི་5ལ་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་བྱུང་བས་གྲོངས་ཡོད་ཅེས་བརྗོད་པ་རེད། གོང་གི་པར་རིས་མོ་ཞི་ཁོ་རྒྱལ་ཁབ་ཏུ་ལོ་ཕྱེད་རིང་ལ་ཤོག་སྦག་འབར་གས་ཐེངས་གཉིས་པ་བྱུང་བའི་འབར་གས་དོན་རྐྱེན་ཚབས་ཆེན་པོ་རེད།
      

    ཕྱོགས་བསྡུས་གསར་འགྱུར།