འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་ཁ་ཧྲི་ས་ཁུལ་གྱི་ཐཱ་ཧྲི་ཁུར་ཀན་རྫོང་དུ་ས་ཡོམ་རིམ་པ་5.5བྱུང་ནས་མི་8
    རྐྱེན་ལམ་དུ་ཤོར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 18:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཤིན་ཅང་ཁ་ཧྲི་ས་ཁུལ་གྱི་ཐཱ་ཧྲི་ཁུར་ཀན་རྫོང་དུ་ས་ཡོམ་རིམ་པ་5.5བྱུང་ནས་མི་8
རྐྱེན་ལམ་དུ་ཤོར་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་རྟོག་དཔྱོད་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་བྱས་པར་ལྟར་ན། ཟླ་5ཚེས་11ཉིན་གྱི་ཆུ་ཚོད་5དང་སྐར་མ་58ཐོག་ཤིན་ཅང་ཁ་ཧྲི་ས་ཁུལ་གྱི་ཐཱ་ཧྲི་ཁུར་ཀན་ཐ་ཅི་ཁེ་རང་སྐྱོང་རྫོང་དུ་ས་ཡོམ་རིམ་པ་5.5བྱུང་ཞིང་། ཐོག་མའི་བསྡོམས་རྩིས་བྱས་པ་ལྟར་ན། ས་ཡོམ་དེའི་ཁྲོད་དུ་མི་8རྐྱེན་ལམ་དུ་ཤོར་བ་དང་། མི་11ལ་རྨས་སྐྱོན་ཕོག་ཡོད་པ་རེད།
      ཀྲུང་གོའི་ས་ཡོམ་རྟོག་དཔྱོད་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཐེངས་འདིའི་ས་ཡོམ་ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་8ཡོད་པ་དང་། ས་ཡོམ་བྱུང་ས་ལྟེ་བ་ནི་བྱང་གི་འཕྲེད་ཐིག་ཏུའུ་37.58དང་། ཤར་གྱི་གཞུང་ཐིག་ཏུའུ་75.25སུ་ཡིན་ཞིང་། ས་ཡོམ་བྱུང་ས་ལྟེ་བ་ནི་ཕ་སྨིར་ས་མཐོའི་ཤར་ལྷོ་རྒྱུད་དུ་ཡིན་པ་དང་། ས་ཡོམ་བྱུང་ས་ལྟེ་བ་ནས་སྤྱི་ལེ་5ཡི་ཁྱབ་ཁོངས་སུ་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4347ཡོད་ལ། ས་ཡོམ་བྱུང་ས་ལྟེ་བ་ནས་སྤྱི་ལེ་20ཡི་ཁྱབ་ཁོངས་སུ་མི་འབོར་ཧ་ལམ་580ཡོད་པ་དང་། སྤྱི་ལེ་50ཡི་ཁྱབ་ཁོངས་སུ་མི་འབོར་6200ཡོད་པ་རེད།
         ཀྲུང་གོའི་ས་ཡོམ་བརྟག་དཔྱད་ཅུས་ཀྱི་《ས་ཡོམ་གྱི་མིང་གཏན་འབེབས་སྒྲིག་སྲོལ་》ལ་གཞིགས་ན། ཐེངས་འདིའི་ས་ཡོམ་གྱི་མིང་ལ"2017ལོའི་ཟླ་5ཚེས་11ཉིན་ཤིན་ཅང་ཐཱ་ཧྲི་ཁུར་ཀན་གྱི་ས་ཡོམ་རིམ་པ་5.5དང་།" བསྡུས་མིང་ལ"ཤིན་ཅང་ཐཱ་ཧྲི་ཁུར་ཀན་གྱི་ས་ཡོམ་རིམ་པ་5.5"འབོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།