འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་དམངས་ཚོགས་ཀྱིས་ཁྲོམ་སྐོར་བྱས་ནས་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་དགོས་
    པའི་འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་05ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན། ཨ་རིའི་གྲོང་ཁྱེར་ཀྲེ་ཅཱ་ཀོ་དང་། ཉིའུ་གཡོད། ལོ་ཧྲེང་ཅི་བཅས་དང་དེ་བཞིན་རྒྱལ་ས་ཝ་ཧྲིང་ཐོན་སོགས་གྲོང་ཁྱེར་བརྒྱ་ཙམ་དུ་ཚེས་1ཉིན"ལྔ་གཅིག”རྒྱལ་སྤྱི་ངལ་རྩོལ་དུས་ཆེན་གྱི་ཁྲོམ་སྐོར་ཆེ་མོ་བྱས་ནས་ངལ་རྩོལ་པ་དང་། བུད་མེད། གནས་སྤོས་ཡུལ་མི་བཅས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
         གྲོང་ཁྱེར་ལོ་ཧྲེང་ཅི་གྲོང་སྲིད་ཚོམས་ཆེན་གྱི་ཕྱི་རོལ་དུ་རྔམ་སྟོན་པ་ཚོས་དར་ཆ་དང་རྒོལ་གཏམ་སྦྱར་ཚིག་འཕྱར་ནས"གནས་སྤོས་ཡུལ་མིའི་ཁེ་དབང་ལ་སྲུང་སྐྱོང"དང་། "མཐའ་མཚམས་གྱང་བསྐྲུན་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད" "འཁོན་འཛིན་བཟོ་རྒྱུར་ངོ་རྒོལ་དང་འགལ་ཟླ་བཟོ་རྒྱུར་ངོ་རྒོལ"བཅས་དང་དེ་བཞིན"འཛམ་གླིང་ཡོངས་ཀྱི་ངལ་རྩོལ་པ་མཉམ་འབྲེལ་བྱེད་དགོས་པའི”རེ་བ་འདོན་ཡོད་པ་རེད། ལོ་ཧྲེང་ཅིའི་ཧྲེ་ཀྲང་ཅཱ་ཆེ་ཏིས་གྲོང་སྲིད་ཚོམས་ཆེན་གྱི་ཕྱི་རོལ་དུ་གཏམ་བཤད་སྤེལ་ནས་ཁྲོམ་སྐོར་ལ་རྒྱབ་སྐྱོར་དང་ཐེ་རོན་ཕུའི་གནས་སྤོས་ཡུལ་མིའི་སྲིད་ཇུས་ལ་མོས་མཐུན་མེད་ཚུལ་བཤད་པ་རེད།
         ལོ་ཧྲེང་ཅིའི་རྔམ་སྟོན་པ་ལའོ་ལཱ·ཕ་ཏི་ལི་ཡཱས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར"རང་ཉིད་ཀྱང་གནས་སྤོས་ཡུལ་མིའི་རྗེས་རབས་པ་ཡིན་པས། ངས་གནས་སྤོས་ཡུལ་མིའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། ང་ཚོས་འཁོན་འཛིན་བཟོ་བའི་སྲིད་ཇུས་ལ་ངོ་རྒོལ་བྱེད་ཀྱི་ཡོད"ཅེས་བཤད།
         ཝ་ཧྲིང་ཐོན་དུ་མིང་ལ་ཐེ་ལེ་ཀེ·ཝར་ཟེར་བའི་རྔམ་སྟོན་པ་ཞིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར"ཨ་རིའི་ངལ་རྩོལ་པའི་ཐོབ་ཆ་ཧ་ཅང་ཞན་པོ་ཡོད། ངལ་རྩོལ་པར་ལས་དུས་དེ་བས་ཐུང་བ་དང་བདེ་འཇགས་སྲུང་སྐྱོང་གི་བྱ་ཐབས་དེ་བས་མང་བ་མཁོ་ལ། གླ་ཕོགས་དེ་བས་མཐོ་བའི་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་ཡང་མཁོ"ཞེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།