འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་འཇར་མན་གྱི་གྲགས་ཅན་གློག་འཕྲུལ་ཁེ་ལས་ཤིག་སྡེབ་ཉོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་05ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན་འཇར་མན་གྱི་པོ་ཧྲི་ཚོགས་པ་དང་ཀྲུང་གོའི་རྒྱུ་ནོར་ཚོགས་པའི་དབར་སྡེབ་ཉོའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཀྲུང་གོ་ཕྱོགས་ལ་པོ་ཧྲི་ཚོགས་པའི་མངའ་འོག་གི་སྒུལ་བྱེད་འཕྲུལ་འཁོར་དང་གློག་འདོན་འཕྲུལ་འཁོར་སོགས་གློག་འཕྲུལ་ཁྱབ་ཁོངས་ཀྱི་ཉིང་ལག་ཀུང་སི་དང་དེར་གཏོགས་པའི་སྡེ་ཚན་བཙོངས་པ་རེད།
         པོ་ཧྲི་ཚོགས་པས་དེ་ཉིན་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ལས་མངོན་དོན། ད་ཐེངས་ཀྱི་སྡེབ་ཉོའི་ནང་ཞུགས་མཁན་ཀྲུང་གོའི་རྒྱུ་ནོར་ཚོགས་པ་དེ་འཐབ་ཇུས་མ་འཇོག་མཁན་ཀྲེན་ཀྲོའུ་རྡོ་སོལ་འཕྲུལ་ཆས་ཚོགས་པ་དང་ནོར་དོན་མ་འཇོག་མཁན་ཤང་ཀང་ཙུང་ཏེ་མ་འཇོག་ཐེབས་རྩས་སྒྲིག་འཛུགས་བྱས་པ་ཞིག་རེད།
         སྒུལ་བྱེད་འཕྲུལ་འཁོར་དང་གློག་འདོན་འཕྲུལ་འཁོར་གྱི་ལས་སྒོ་ནི་པོ་ཧྲི་ཚོགས་པའི་སྲོལ་རྒྱུན་ལས་སྒོའི་སྡེ་ཚན་ཞིག་ཡིན་པ་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་14རུ་ལས་མི་7000ཙམ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྩིས་སྤྲོད་རྩིས་ལེན་མ་བྱས་གོང་སྡེབ་ཉོའི་ཉོ་ཚོང་དེར་འཇར་མན་གྱི་འབྲེལ་ཡོད་ལྟ་སྐུལ་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས་པ་མ་ཟད། འཇར་མན་གྱི་ལས་མིའི་མོས་མཐུན་ཐོབ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།