འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཀུང་སིས་རྒྱལ་སྤྱིའི་རྒྱ་མཚོ་སྣུམ་རླངས་ལག་རྩལ་ཚོགས་ཆེན་གྱི་སྒྲིག་ཆས་འགྲེམས་
    སྟོན་ནང་ཧུར་ཐག་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་05ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་1ཉིན། སྐབས་ཞེ་བརྒྱད་པའི་རྒྱལ་སྤྱིའི་རྒྱ་མཚོ་སྣུམ་རླངས་ལག་རྩལ་ཚོགས་ཆེན་དང་དེ་བཞིན་སྒྲིག་ཆས་འགྲེམས་སྟོན་ཨ་རིའི་ཤིའུ་སི་ཏུན་དུ་འགོ་ཚུགས་པ་དང་ཀྲུང་གོ་ཚུད་པའི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་ཀུང་སི་2300ལྷག་ཙམ་འགྲེམས་ཞུགས་བྱས་ཡོད།
         སྐབས་འདིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཆའོ·ཕུའུ་ལི་ཡིས་མིག་སྔར་འཛམ་གླིང་རྡོ་སྣུམ་ལས་རིགས་ཀྱི་མདུན་ལམ་ཡག་པོ་མེད་པའི་རྒྱབ་ལྗོངས་འོག་ཤིའུ་སི་ཏུན་རྒྱལ་སྤྱིའི་རྒྱ་མཚོ་སྣུམ་རླངས་ལག་རྩལ་ཚོགས་ཆེན་དང་དེ་བཞིན་སྒྲིག་ཆས་འགྲེམས་སྟོན་བྱས་པ་དེ་ནི་སྣུམ་རླངས་ཁེ་ལས་ཀྱིས་འཕེལ་རྒྱས་གསར་པ་མངོན་འགྱུར་དང་ལག་རྩལ་གསར་པ་ཤེས་རྟོགས་བྱ་རྒྱུའི་ངོས་ནས་བརྗོད་ན་ཐོབ་དཀའ་བའི་གོ་སྐབས་ཤིག་རེད་ཅེས་བཤད།
         གོ་ལ་ཧྲིལ་པོའི་རྡོ་སྣུམ་ལས་རིགས་ཀྱི་མདུན་ལམ་ཡག་པོ་མེད་རུང་ལག་རྩལ་ཚོགས་ཆེན་ནང་ཞུགས་མཁན་ཀྲུང་གོའི་ཁེ་ལས་རྒྱུན་ཆད་མེད་པར་མང་དུ་སོང་བའི་ཁྲོད་གཙོ་འགྲེམས་ཐིང་དུ་འགྲེམས་ཞུགས་བྱེད་མཁན་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་སྤྱི་ཁྱབ་ཀུང་སི་དང་། ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སི་སོགས་ད་ཐེངས་འགྲེམས་ཚོགས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད།
         ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིན་ཞའོ་ཅན་གྱིས་འཛམ་གླིང་གི་རྒྱ་མཚོའི་རྡོ་སྣུམ་གསར་སྤེལ་ནི་སྔར་བཞིན་ཉི་གཞོན་ལས་རིགས་ལྟ་བུ་ཡིན། ནུས་རྒྱུ་མཁོ་སྤྲོད་ཧྲིལ་པོའི་ཁྲོད་རང་བྱུང་སོལ་རླངས་ནི་ནུས་ཆེ་དང་དྭངས་གཙང་གི་ནུས་རྒྱུ་ཞིག་ཡིན། རྒྱ་མཚོའི་སྣུམ་རླངས་གསར་སྤེལ་ནང་ལོ་སུམ་ཅུ་ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཉིད་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་ནུས་རྒྱུ་ཀུང་སིར་གྱུར་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།