འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མེ་སྐྱོན་གསོད་པའི་ཁྲོད་ཀྱི་ལྔ་བཞི་གཞོན་ནུའི་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་05ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མེ་སྐྱོན་གསོད་པའི་ཁྲོད་ཀྱི་ལྔ་བཞི་གཞོན་ནུའི་དུས་ཆེན།
            མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་ནི་ལྔ་བཞི་གཞོན་ནུའི་དུས་ཆེན་རེད། ནང་སོག་རང་སྐྱོང་ལྗོངས་ཀྱི་རི་བོ་ཏཱ་ཞིང་ཨན་ལིང་པི་ལཱ་ཧོ་ནགས་ལས་ཅུས་བྱང་རྒྱུད་ཀྱི་རྩྭ་ར་དང་ནགས་རའི་མེ་སྐྱོན་བྱུང་ཡུལ་དུ། ནགས་ཚལ་ཉེན་རྟོག་དཔོན་དམག་3000ལྷག་ཙམ་གྱིས་ཉིན་མཚན་དབྱེར་མེད་དུ་མེ་གསོད་འཐབ་ར་དང་པོར་འབད་འཐབ་བྱེད་ཀྱི་ཡོད་པ་རེད། ཁོང་ཚོའི་ཆ་སྙོམས་ལོ་ཚོད་ནི་ལོ་20ཡིན་ལ། དཔོན་དམག་ཁ་ཤས་ཀྱིས་ཉིན་མཚན་བསྟུད་མའི་ཆུ་ཚོད་བཅུ་ཕྲག་འགའི་རིང་མེ་གསོད་ལས་ཀར་ཞུགས་ཡོད་པ་དང་། ཁ་ཤས་ནི་ད་ལྟ་ཉེ་འཁོར་ས་ཆ་ནས་འཕྲལ་མར་རོགས་རམ་དུ་འབྱོར་བ་རེད། མུན་རུབ་རྗེས། ཉེན་རྟོག་དཔོན་དམག་ཚོས་ནགས་གསེབ་ཏུ་མེ་བཏང་ནས་དྲོད་ལེན་པ་དང་། རང་སར་ངལ་གསོ་རྒྱག་གྱིན་ཡོད། མེ་སྐྱོན་ཡོད་པ་མཐོང་བ་ན། འཕྲལ་མར་ལས་ཀར་ཞུགས་སྟེ་དེ་ཉིད་གསོད་པ་རེད། འཐབ་མོ་བ་མང་པོ་ཞིག་མེ་གསོད་ལས་ཀར་ཞུགས་ཐེངས་དང་པོ་ཡིན་པས། ལྔ་བཞི་གཞོན་ནུའི་དུས་ཆེན་ཐོག་མ་དེའང་རི་བོ་ཏཱ་ཞིང་ཨན་ལིང་གི་ནགས་གསེབ་ཏུ་བཏང་བ་རེད།
    【1】  【2】  【3】  【4】
    ༄༅།།མེ་སྐྱོན་གསོད་པའི་ཁྲོད་ཀྱི་ལྔ་བཞི་གཞོན་ནུའི་དུས་ཆེན།
    ༄༅།།མེ་སྐྱོན་གསོད་པའི་ཁྲོད་ཀྱི་ལྔ་བཞི་གཞོན་ནུའི་དུས་ཆེན།
      

    ཕྱོགས་བསྡུས་གསར་འགྱུར།