འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ཀྲུང་དབྱང་གི་མ་དངུལ་མང་ཆེ་བ་དམངས་འཚོར་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན། སློབ་གསོ་དང་། རྒན་གསོ། སྨན་བཅོས་སོགས་མི་སེར་གྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དམངས་འཚོའི་མ་དངུལ་ཀྲུང་དབྱང་གིས་བཀོད་སྒྲིག་ཇི་ལྟར་བྱེད་དམ། ཚེས་29ཉིན་ནོར་སྲིད་པུས་སྤྱི་ཚོགས་ཡོངས་ལ་2017ལོའི་ཀྲུང་དབྱང་གི་ནོར་སྲིད་སྔོན་རྩིས་ཡོངས་བསྒྲགས་བྱས་ཤིང་། རེའུ་མིག་26དང་དེའི་གསལ་བཤད་ཡོངས་བསྒྲགས་བྱས་པའི་ཐོག་ནས་འདི་ལོ་དམངས་འཚོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་གསལ་པོ་མཐོང་ཐུབ།
         དཔེར་ན། 《2017ལོའི་ཀྲུང་དབྱང་གི་རིམ་པ་དེ་གའི་གཏོང་སྒོའི་སྔོན་རྩིས་རེའུ་མིག་》དང་དེའི་གསལ་བཤད་ལས། སློབ་གསོའི་གཏོང་སྒོའི་སྔོན་རྩིས་གྲངས་འབོར་སྒོར་དུང་ཕྱུར་1520ཟིན་པ་དེ་2016ལོའི་ལག་བསྟར་གྲངས་འབོར་ལས་སྒོར་དུང་ཕྱུར་72.15འཕར་ནས་འཕར་ཚད་5%ཟིན་པ་དང་། སྤྱི་ཚོགས་འགན་ལེན་དང་ལས་ཞུགས་ཀྱི་གཏོང་སྒོའི་སྔོན་རྩིས་གྲངས་འབོར་སྒོར་དུང་ཕྱུར་991.86ཟིན་པ་དེ་2016ལོའི་ལག་བསྟར་གྲངས་འབོར་ལས་སྒོར་དུང་ཕྱུར་101.28འཕར་ནས་འཕར་ཚད་11.4%ཟིན་པ། ནོར་སྲིད་ཀྱིས་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩར་བཏང་བའི་ཁ་གསབ་སྔོན་རྩིས་གྲངས་འབོར་སྒོར་དུང་ཕྱུར་140.61ཟིན་པ་དེ་2016ལོའི་ལག་བསྟར་གྲངས་འབོར་ལས་སྒོར་དུང་ཕྱུར་11.24འཕར་ནས་འཕར་ཚད་8.7%ཟིན་པ། སྨན་བཅོས་འཕྲོད་བསྟེན་དང་འཆར་བཙའི་གཏོང་སྒོའི་སྔོན་རྩིས་གྲངས་འབོར་སྒོར་དུང་ཕྱུར་137.04ཟིན་པ་དེ་2016ལོའི་ལག་བསྟར་གྲངས་འབོར་ལས་སྒོར་དུང་ཕྱུར་45.88འཕར་ནས་འཕར་ཚད་50.3%ཟིན་པ་བཅས་མཐོང་ཐུབ།
         དོ་ཁུར་བྱེད་འོས་པ་ཞིག་ནི་འདི་ལོའི་ཡོངས་བསྒྲགས་ནང་དོན་ནང་《2016ལོ་དང་2017ལོའི་ས་གནས་སྲིད་གཞུང་གི་ཆེད་དོན་དངུལ་བུན་ལྷག་གྲངས་སྐོར་གྱི་རེའུ་མིག་》ཐོག་མར་བཏོན་པ་དང་། རྩིས་ཁྲ་ཞིབ་ཕྲ་ཡོངས་བསྒྲགས་བྱས་པ་བརྒྱུད། མི་དམངས་འཐུས་ཚོགས་ཀྱིས་ས་གནས་སྲིད་གཞུང་གི་དངུལ་བུན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།