འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཨོ་ཧའེ་ཨོ་ཀྲོའུ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་15ཤི་རྨས་བྱུང་
    བ་དང་མེ་མདའ་རྒྱག་མཁན་བྲོས་བྱོལ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་རིའི་ཨོ་ཧའེ་ཨོ་ཀྲོའུ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་15ཤི་རྨས་བྱུང་
བ་དང་མེ་མདའ་རྒྱག་མཁན་བྲོས་བྱོལ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན་གྱི་ཐོ་རེངས་ལ་ཨ་རིའི་ཨོ་ཧའེ་ཨོ་ཀྲོའུ་ཞིན་ཞིན་ན་ཐི་གྲོང་ཁྱེར་གྱི་མཚན་མོའི་རོལ་རྩེད་ཁང་ཞིག་ཏུ་མེ་མདའ་བརྒྱབ་པའི་གྱོད་གཞི་ཞིག་བྱུང་ཞིང་། གསར་འགོད་པས་གསར་འགྱུར་སྤེལ་བའི་དུས་བར་དུ། དོན་རྐྱེན་དེའི་ཁྲོད་དུ་ཉུང་མཐར་ཡང་མི་1རྐྱེན་ལམ་དུ་ཤོར་བ་དང་། མི་14ལ་རྨས་སྐྱོན་ཕོག་ཡོད་པ་རེད། དོན་རྐྱེན་འདིའི་ཉུང་མཐར་ཡང་ནང་གི་མེ་མདའ་རྒྱག་མཁན་1བྲོས་བྱོལ་དུ་ཤོར་ཡོད་པ་དང་། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་གྱོད་གཞི་འདི་དང་འབྲེལ་བ་ཡོད་མཁན་གཞན་དག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། 
         ཞིན་ཞིན་ན་ཐི་གྲོང་ཁྱེར་གྱི་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་པའོ་ལུའོ་•ཉིའུ་ཏི་ཀའེ་ཐེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐུའེ་ཐེ་འཕྲིན་དྲའི་ཐོག་བཤད་པ་ལྟར་ན། མིག་སྔར་མེ་མདའ་རྒྱག་མཁན་1ལས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་འདིའི་སྔོན་དུ་ཞིན་ཞིན་ན་ཐི་ཉེན་རྟོག་ཕྱོགས་ཀྱིས"མེ་མདའ་རྒྱག་མཁན་ཉུང་མཐར་ཡང་ཁ་ཤས་ཡོད"པར་ཡིད་ཆེས་ཡོད་ཅེས་བརྗོད་ཡོད་པ་རེད།
         མཐོང་མཁན་ཞིག་གིས་ས་གནས་དེ་གའི་བརྙན་འཕྲིན་ཁང་ལ་མེ་མདའ་བརྒྱབ་པའི་གྱོད་གཞི་མ་བྱུང་སྔོན་ཧ་ལམ་སྐར་མ་10ཙམ་ལ། མཚན་མོའི་རོལ་རྩེད་ཁང་DJཡིས་མགྲོན་པོ་རྣམས་ལ་བདེ་འཇགས་ལ་ཡིད་གཟབ་བྱ་དགོས་པའི་དྲན་སྐུལ་ཐ་ཚིག་བསྒྲགས་པ་གོ་སོང་ཞེས་བཤད་པ་རེད། 
         གནས་འཕྲིན་སྤེལ་བར་གཞིགས་ན། མཚན་མོའི་རོལ་རྩེད་ཁང་འདིར་ཧ་ཅང་འཁྲུག་པོ་ཡོད་པ་སྟེ། དོན་རྐྱེན་དེ་བྱུང་དུས་ནི་ཏག་ཏག་གཟའ་མཇུག་ཡིན་པ་དང་། ལོ་ན་གཞོན་པ་ཧ་ཅང་མང་ཞིང་། མཚན་མོའི་རོལ་རྩེད་ཁང་དུ་ཉེན་རྟོག་པས་བཅའ་སྡོད་ས་སྲུང་བྱེད་ཀྱི་ཡོད་པ་དང་། ནང་ཁུལ་དུ་བརྙན་མིག་ཀྱང་སྒྲིག་སྦྱོར་བྱས་ཡོད་པ་རེད།
         ཨ་རིར་མེ་མདའ་དང་འབྲེལ་བའི་གྱོད་གཞི་ཐོན་ཚད་མང་བ་སྟེ། 2016ལོའི་ཟླ་6ཚེས་12ཉིན། མེ་མདའ་ཁྱེར་མཁན་ཞིག་གིས་ཧྥོ་ལུའོ་ལི་ཏ་ཀྲོའུ་ཨོ་ལན་ཏའོ་གྲོང་ཁྱེར་གྱི་མཚན་མོའི་རོལ་རྩེད་ཁང་ཞིག་ཏུ་མེ་མདའ་བརྒྱབ་ནས་མི་50རྐྱེན་ལམ་དུ་ཤོར་བ་དང་མི་53ལ་རྨས་སྐྱོན་ཕོག་ཡོད་པ་རེད།
    ༄༅།།ཨ་རིའི་ཨོ་ཧའེ་ཨོ་ཀྲོའུ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་15ཤི་རྨས་བྱུང་
བ་དང་མེ་མདའ་རྒྱག་མཁན་བྲོས་བྱོལ་དུ་ཤོར་བ།
    ༄༅།།ཨ་རིའི་ཨོ་ཧའེ་ཨོ་ཀྲོའུ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་15ཤི་རྨས་བྱུང་
བ་དང་མེ་མདའ་རྒྱག་མཁན་བྲོས་བྱོལ་དུ་ཤོར་བ།
    ༄༅།།ཨ་རིའི་ཨོ་ཧའེ་ཨོ་ཀྲོའུ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་15ཤི་རྨས་བྱུང་
བ་དང་མེ་མདའ་རྒྱག་མཁན་བྲོས་བྱོལ་དུ་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།