འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས“ཝ་རྔོན་2016”གི་ཆེད་དོན་བྱ་སྤྱོད་སྤེལ་ནས་ས་མཚམས་ཕྱིར་བྲོས་
    བྱོལ་དུ་འགྲོ་མཁན་ཁྱོན་951འཛིན་བཟུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་གསལ། “ཝ་རྔོན་2016”གི་ཆེད་སྤྱོད་བྱ་སྤྱོད་སྤེལ་རིང་། སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་དང་ས་ཁུལ་72ནས་དཔལ་འབྱོར་ཉེས་གསོག་སོགས་ཀྱི་ས་མཚམས་ཕྱིར་བྲོས་བྱོལ་འགྲོ་མཁན་951འཛིན་བཟུང་བྱས་ཤིང་། མི་19ནི“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”གྲས་རེད།
         ས་མཚམས་ཕྱིར་བྲོས་བྱོལ་དུ་འགྲོ་མཁན་951གི་ནང་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་དང་གཞོགས་འདེགས་འཛིན་བཟུང་བྱས་པའི“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ནང་གི་19དང་། མཉམ་ལས་འཛིན་བཟུང་བྱས་པའི་ལས་ཐོག་ཉེས་གསོག་གི་བྲོས་བྱོལ་པ་67 ལྐོག་ཚོང་གི་ཉེས་པ་བསགས་ནས་མཚམས་ཕྱིར་བྲོས་བྱོལ་དུ་འགྲོ་མཁན་51ཡོད་པ་དང་། ས་མཚམས་ཕྱིར་བྲོས་བྱོལ་དུ་འགྲོ་མཁན་8བདེ་བླག་ངང་འཛིན་སྐྱེལ་རྩིས་སྤྲོད་བྱས་པ་དང་འབྲེལ་ཀྲུང་གོ་དང་ཕེ་རུ་དབར་དང་ཀྲུང་གོ་དང་ཧྥ་རན་སེ་དབར་འཛིན་སྐྱེལ་རྩིས་སྤྲོད་ཐེངས་དང་པོ་བྱས་པ་དང་། ས་མཚམས་ཕྱི་རོལ་ནས་བཙོག་དངུལ་སྒོར་དུང་ཕྱུར་9.99བླངས་པ་བཅས་རེད།
         རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས། ད་དུང་ཀྲུང་གོ་མི་དམངས་དངུལ་ཁང་དང་མཉམ་དུ་གསང་བའི་དངུལ་ཁང་བརྒྱུད་བརྐུས་དངུལ་སྤོ་སྒྱུར་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བས། གསང་དངུལ་དང་དེ་བཞིན་བཙོག་དངུལ་གཙང་སྒྱུར་གྱི་གྱོད་གཞི་ཚབས་ཆེན་380རྩད་ཆོད་པ་མ་ཟད། གསང་དངུལ་ནག་ཚང་500ལྷག་ཙམ་མེད་པ་བཟོས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ས་མཚམས་ཕྱིར་བྲོས་འདེད་དངུལ་འདེད་ལས་དོན་ཟམ་མི་ཆད་པར་སྤེལ་བས། རིམ་རྩིས་བྱས་ན་ས་མཚམས་ཕྱིར་བྲོས་བྱོལ་དུ་འགྲོ་མཁན་2488འཛིན་བཟུང་བྱས་པ་རེད།
         སྤྱི་བདེ་པུའི་པུའུ་ཀྲང་གཞོན་པ“ཝ་རྔོན་2017”གྱི་ཆེད་དོན་བྱ་སྤྱོད་ཀྱི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་མོང་ཆིང་ཧྥུང་གིས“ཝ་རྔོན་2017”གྱི་ཆེད་དོན་བྱ་སྤྱོད་ཀྱིས་མུ་མཐུད“གསོག་ཚད་ཉུང་དུ་གཏོང་བ་དང་། འཕར་ཚད་ཚོད་འཛིན་བྱེད་པ། བྲོས་འདེད་དངུལ་འདེད་མཉམ་སྤྱོད”བཅས་བྱ་རྒྱུ་དམིགས་ཚད་དུ་བརྩིས་ཏེ། ས་མཚམས་ཕྱིར་བྲོས་འདེད་དངུལ་འདེད་བྱ་རྒྱུ་རྒྱུན་རྣམ་ཅན་དང་། ཆེད་ལས་ཅན། ཞིབ་ཚགས་ཅན་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། འཛིན་བཟུང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། བྲོས་ཡུན་རིང་བ་དང་བཟུང་དཀའ་བའི་དཔལ་འབྱོར་ཉེས་གསོག་གི་བྲོས་བྱོལ་པར་སོ་ལྟ་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་བྲོས་འདེད་དངུལ་འདེད་བྱས་པ་མ་ཟད། ད་དུང་བྲོས་བྱོལ་པ་མང་དུ་འགྲོ་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། བྲོས་བྱོལ་ལ་སྔོན་འགོག་དང་ཚོད་འཛིན་དང་བཙོག་དངུལ་རྩད་གཅོད་དང་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།