འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཇ་སྟོན་འཚོགས་ཏེ་བོད་ལྗོངས་ཀྱི་རིག་གནས་
    སྲུང་སྐྱོབ་མཚམས་སྦྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་པེ་ཅིང་དུ་རེ་སྐོར་104པའི་"གསར་འགྱུར་ཇ་སྟོན་"འཚོགས་པ་དང་། ཇ་སྟོན་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་"བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོབ་"བརྗོད་གཞིར་བྱས་ནས་ཅིང་སྡོད་ཕྱི་རྒྱལ་གྱི་གསར་འགོད་པ་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་གི་གསར་འགྱུར་དཔོན་པོ། ཞང་ཀང་དང་ཨའོ་མོན། ཐའེ་ཝན་གྱི་གསར་འགོད་པ། ཀྲུང་གོའི་ནང་ལོག་གི་གསར་འགོད་པ་བཅས་དང་སྤེལ་རེས་གནང་བ་རེད།
           ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་ལགས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དབུ་བརྙེས་པ་ནས་བཟུང་། ཕྱི་རྒྱལ་གྱི་འབྲེལ་ཡོད་སྡེ་ཁག་དང་ཆེད་མཁས་པའི་བར་གྱི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་ལས་གཞི་མཉམ་ལས་འགའ་ཤས་བཙུགས་ཏེ་བོད་རིག་པའི་ཞིབ་འཇུག་ལ་མཉམ་དུ་སྐུལ་འདེད་བཏང་ནས་ལས་ཀ་མང་པོ་ཞིག་བསྒྲུབ་ཡོད་ཅེས་བརྗོད་པ་རེད།
           ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་ལས་རིགས་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཏེ་ཁྲེང་གིས་བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞི་ཡི་བོད་རིགས་ས་ཁུལ་དུ། ད་ལྟ་གྲྭ་བཙུན་མི་གྲངས་ཁྲི་15ཡས་མས་ཡོད་ལ། དགོན་སྡེ་3500ལྷག་ཙམ་ཡོད་པ་རེད། དམངས་འཚོ་འགན་སྲུང་གི་ཐད་ནས། བོད་ལྗོངས་ཀྱི་གྲྭ་བཙུན་རྣམས་ཀྱི་འཚོ་བར་ཏང་དང་སྲིད་གཞུང་གིས་གཟིགས་མཐོང་ཆེན་པོ་གནང་ཡོད་སྟབས། གྲྭ་བཙུན་ཚང་མར་རྒན་གསོའི་འགན་སྲུང་ཡོད་པས། རྒས་ཁོག་ཏུ་གྱུར་རྗེས་སེམས་ཁྲལ་མེད་པར་གྱུར་ཡོད། དུས་མཚུངས་སུ། གྲྭ་བཙུན་ཚང་མར་སྨན་བཅོས་འགན་སྲུང་བསྒྲུབ་ཡོད་པས། ནད་བྱུང་ན་སྨན་བཅོས་འགན་སྲུང་སྒྲུབ་རིམ་ལྟར་སྨན་བཅོས་འགན་སྲུང་བྱས་ཆོག་ཅེས་མཚམས་སྦྱོས་བྱས་པ་རེད།
           ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཁང་གི་འགན་ཁུར་པ་སྐལ་བཟང་སྒྲོལ་མ་ཡིས་བོད་ལྗོངས་སུ་ལོ་བཅོ་ལྔའི་རིན་མེད་འོས་འགན་སློབ་གསོ་ལག་བསྟར་བྱས་ཡོད་པས། སློབ་ལོ་མ་ལོན་པའི་ལོ་གསུམ་གྱི་སློབ་གསོ་ནས་མཐོ་འབྲིང་གི་སློབ་གསོ་བར། སྤྱིའི་ཆ་ནས་སློབ་ཡོན་གཅིག་ཀྱང་སྤྲོད་མི་དགོས་ལ། ཚང་མར་"འགན་ལེན་གསུམ་"གྱི་སྲིད་ཇུས་ལག་བསྟར་བྱས་ཡོད། བོད་ལྗོངས་སུ་ད་ལྟ་སློབ་གསོའི་མ་ལག་ཅུང་འཐུས་ཚང་ལྡན་པ་ཞིག་ཐོག་མར་བཙུགས་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།