འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ལྕགས་ལམ་ཁོངས་གཏོགས་སུ་མེ་འཁོར་འཁོར་སྐྱོད་རེའུ་མིག་གསར་པ་ལག་ལེན་
    བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་རྒྱལ་ཡོངས་ཀྱི་ལྕགས་ལམ་ཁོངས་གཏོགས་སུ་མེ་འཁོར་འཁོར་སྐྱོད་རེའུ་མིག་གསར་པ་ལག་ལེན་བསྟར་ཏེ་ལེགས་སྒྲིག་མ་བྱས་གོང་ལས་ཤུགས་འགྲེམས་མེ་འཁོར་ཆ་25.5མང་དུ་གཏོང་རྒྱུ་རེད། འཁོར་སྐྱོད་རེའུ་མིག་ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འཁོར་སྐྱོད་བྱེད་པའི་འགྲུལ་སྐྱེལ་མེ་འཁོར་བསྡོམས་གྲངས་ཆ་3615ཟིན་རྒྱུ་རེད།
           འཁོར་སྐྱོད་རེའུ་མིག་ལེགས་སྒྲིག་བྱས་རྗེས་འགྲུལ་པ་མང་བའི་ཁུལ་དང་དུམ་བུའི་གནོན་ཤུགས་སྔར་བས་ཆུང་དུ་འགྲོ་རྒྱུ་ཡིན་ཞིང་། རྒྱ་ཆེའི་འགྲུལ་པའི་ཕྱིར་སྐྱོད་དགོས་མཁོ་སྔར་བས་ཡག་པོ་སྐོང་ཆེད་ལྕགས་ལམ་སྡེ་ཚན་གྱིས་འདྲེན་ཤུགས་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་སྔར་བས་བཟང་སྒྲིག་བྱས་ཏེ་ཡུན་ནན་ནས་ཁུན་མིང་བར་གྱི་ལྕགས་ལམ་དང་། ཧང་ཀྲོའུ་ནས་ཧྲེན་ཀྲེན་བར་གྱི་ལྕགས་ལམ། པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་སོགས་ཀྱི་འགྲུལ་པ་མང་བའི་ལྕགས་ལམ་གྱི་འདྲེན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་སྟེ། ཤུགས་འགྲེམས་མེ་འཁོར་ཆ་25.5མང་དུ་གཏོང་རྒྱུ་དང་འབྲེལ་ད་ཡོད་ཤུགས་འགྲེམས་མེ་འཁོར་ཆ་37བསྐྱར་དུ་ཟླ་སྒྲིལ་གམ་ཡང་ན་ཚན་ཁག་བསྒྲིགས་ནས་འཁོར་སྐྱོད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།