འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མཁའ་འགྲུལ་གནམ་གྲུ་ཆེ་གྲས་C919འདི་ལོ་འཕུར་ཐུབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་སྔོན་སྤེལ་ལེགས་ཆ་ནུས་ཤུགས་ཡོད་རྒུས་བཏོད་པ་ལས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཆེ་རིགས་ཐད་བཀྲག་མདངས་འཚེར་ས་མང་པོ་བྱུང་ཞིང་། ཉིན་ཤས་གོང་། ཚན་རྩལ་པུའི་པུའུ་ཀྲང་དབན་ཀང་གིས་རང་རྒྱལ་ནས་ཐོན་པའི་མཁའ་འགྲུལ་གནམ་གྲུ་ཆེ་གྲས་C919འདི་ལོ་འཕུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། C919རྟགས་ཅན་གྱི་གནམ་གྲུ་ཐོག་མ་སྒྲིག་བཟོ་བྱེད་མཇུག་འགྲིལ་ཚུན། རྣམ་གྲངས་དེར་མ་ལག་འདུས་གྲུབ་ཚོད་ལྟ་དང་། འཇམ་ཤུགས་ཚོད་ལྟ། གྲུ་ཐོག་ཚོད་ལྟ། ཚོད་འཕུར་གྲ་སྒྲིག་སོགས་ཕྱོགས་གཙོ་བོ་འགའ་ཞིག་ནས་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། མིག་སྔར་གནམ་གྲུ་འཕུར་ཐེངས་དང་པོའི་གྲ་སྒྲིག་དུས་མཚམས་སུ་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།