འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་ཡེ་ཤུའི་ཆོས་ལུགས་ཀྱི་རྒྱལ་གཅེས་མི་སྣའི་ཞིབ་
    འཇུག་ཟབ་སྦྱོང་འཛིན་གྲྭ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་(ཀྲུང་ཧྭ་རིག་གནས་སློབ་གླིང)གིས“ཧེ་ལུང་ཅང་དང་ཕུའུ་ཅན་གྱི་ཡེ་ཤུའི་ཆོས་ལུགས་ཀྱི་རྒྱལ་གཅེས་འཐུས་མིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ”གཉེར་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་མོས་སེམས་འཛུགས་ཆེད་ཡིན་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་གསོ་གསོ་སྦྱོང་གི་ལས་འགན་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཐུན་མོང་ངོས་འཛིན་གྱི་སློབ་གསོ་དང་ཀྲུང་ཧྭ་ཤེས་དཔལ་གྱི་རིག་གནས་ཐུན་མོང་ངོས་འཛིན་གྱི་སློབ་གསོ་གཏོང་རྒྱུ་དེ་ཡིན། ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་སློབ་གསོའི་ཐད་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས“ལོ་རྒྱུས་ལྔ་གཅིག་སྒྲིལ”ལྟེ་བའི་ཁྲིད་སྟོན་དུ་བྱེད་པ་དང་། “འཛུགས་སྐྲུན་ཆེན་པོ་ལྔ”དངོས་ཡོད་ཀྱི་འདེགས་སྐྱོར་དུ་བྱེད་པ། “འཐབ་ཕྱོགས་གཅིག་གྱུར་ཆེན་པོ”མངོན་གསལ་དོད་པའི་ཁྱད་ཆོས་སུ་བྱེད་པ་བཅས་ཀྱི“བརྒྱུད་རིམ་ཅན་གྱི་སློབ་གསོའི”སྒྱུར་བཅོས་བྱེད་འགོ་ཚུགས་པ་དང་། རིག་གནས་ཀྱི་ཐུན་མོང་ངོས་འཛིན་གྱི་སློབ་གསོའི་ཐད། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་གྲངས་ཉུང་མི་རིགས་དང་། ཆོས་ལུགས་ལས་རིགས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ཕྱིར་སྡོད་རང་མི། སྤྱི་ཚོགས་ཀྱི་རིམ་གྲས་མི་སྣ་གསར་པ་སོགས་གཙོ་གནད་ཚོགས་པ་བཅུ་ལ་ཕྱོགས་ཏེ“གསལ་པོ་ཤོད་དགོས་པ་བཅུའི”སློབ་གསོ་གསོ་སྦྱོང་རྣམ་གྲངས་སྤེལ་བ་དང“ཇི་ལྟར་བྱས་ནས་ཡེ་ཤུའི་ཆོས་ལུགས་ཀྱི་འཐུས་མིར་ཀྲུང་ཧྭའི་རིག་གནས་གསལ་པོ་ཤོད་དགོས་པ”ནི་དེའི་ཁྲོད་ཀྱི་ནང་དོན་གྲས་ཤིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།