འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་རྒྱང་འཁྲིད་འཕེལ་འགྲིབ་ནད་ཀྱི་མཉམ་ལས་དྲ་བ་ཐོག་མ་དེ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་ས་གནས་ཁག་དང་དེ་བཞིན་ཕྱི་རྒྱལ་ནས་སླེབས་པའི་གྲགས་ཅན་འཕེལ་འགྲིབ་ནད་ཀྱི་སྨན་པ་600ཀོང་ཀྲོའུ་རུ་འཛོམས་ནས་རྒྱལ་ཡོངས་ཀྱི་རྒྱང་འཁྲིད་འཕེལ་འགྲིབ་ནད་མཉམ་ལས་དྲ་བ་ཐོག་མ་དེ་ཐུན་མོང་ཐོག་སྤྱོད་འགོ་ཚུགས་པ་དང་ཁོང་ཚོས“དྲ་སྦྲེལ་+”གྱི་རྣམ་པའི་ཐོག་ནས་མིག་སྔར་གཞི་རིམ་དུ་འཕེལ་འགྲིབ་ནད་ཀྱི་སྨན་པ་དཀོན་པའི་གནད་དོན་ཐག་གཅོད་བྱས་ཏེ་ཐོན་ཁུངས་མཉམ་སྤྱོད་བྱས་པ་རེད།
          རྒྱང་འཁྲིད་འཕེལ་འགྲིབ་ནད་མཉམ་ལས་དྲ་བ་ཐོག་མ་དེ་རྒྱལ་ནང་གི་ཕྱོགས་གསུམ་པའི་གསོ་རིག་བརྟག་བཤེར་སྒྲིག་གཞི་ཆེ་ཤོས་ཀོང་ཀྲོའུ་ཅིན་ཡུས་གསོ་རིག་བརྟག་བཤེར་ཚོགས་པས་འཛུགས་རྒྱུའི་སྐུལ་སློང་བྱས་པ་རེད།
          ཅིན་ཡུས་བརྟག་བཤེར་ཚོགས་པས་སྐུལ་སློང་བྱས་པའི་རྒྱལ་ཡོངས་ཀྱི་རྒྱང་འཁྲིད་འཕེལ་འགྲིབ་ནད་མཉམ་ལས་དྲ་བ་ཐོག་མ་དེ་རྒྱལ་ཡོངས་ཀྱི་ཚོད་ལྟ་ཁང་33གྱིས་ལྟེ་བར་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་འཕེལ་འགྲིབ་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་དང་དེ་བཞིན་གཞི་རིམ་སྨན་ཁང་གི་འཕེལ་འགྲིབ་ནད་ཚན་ཁག་གི་སྨན་པ་དང་མཉམ་ལས་བྱས་ཏེ་གྲུབ་པའི་འཕེལ་འགྲིབ་ནད་ཆེད་ལས་ཚན་ཁག་གི་མནའ་འབྲེལ་ཞིག་ཡིན་ཞིང་། གཞི་རིམ་མམ་ཡང་ན་དགོས་མཁོ་ལྡན་པའི་སྨན་བཅོས་སྒྲིག་གཞིས་འཕེལ་འགྲིབ་ནད་བརྟག་དཔྱད་ཀྱི་དགོས་མཁོ་འདོན་ཚེ། མནའ་འབྲེལ་གྱིས་འབྲེལ་ཡོད་འཕེལ་འགྲིབ་ནད་སྨན་པ་སྒྲིག་འཛུགས་བྱས་ཏེ་རྒྱང་འཁྲིད་འཕེལ་འགྲིབ་ནད་བརྟག་དཔྱད་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་ཁོང་ཚོར་འཕེལ་འགྲིབ་ནད་བརྟག་དཔྱད་དང་། དོགས་ནད་བརྟག་དཔྱད། སློབ་ཁྲིད་མཛུབ་ཁྲིད། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་གཞི་རིམ་གྱི་འཕེལ་འགྲིབ་ནད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།