འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གཞུང་ཁོངས་ཁེ་ལས་དང་ཧྲང་ཧའེ་ལག་གདང་སྦྲེལ་ནས་ཤིན་ཅང་ལ་རོགས་སྐྱོར་བྱེད།

    ཕུག་རོན་ལས་རིགས་ལ་བརྟེན་ནས་ཤིན་ཅང་ལྷོ་རྒྱུད་དབུལ་སྒྲོལ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཆེད་མངགས་ཀྱི་གསོ་ཚགས་གསོ་སྦྱོང་བྱས་རྗེས་ཤིན་ཅང་པ་ཁྲུའུ་རྫོང་ཏུའོ་ལའེ་ཐི་པ་ཀེ་ཤང་གི་ཞིང་པ་མའེ་མའེ་ཐི·ཐུའུ་སུན་གྱིས་ཕུག་རོན་གསོ་ཚགས་ལག་རྩལ་ཤེས་ནས་ཤང་ནང་གི་ཕུག་རོན་གསོ་ཚགས་ར་བའི་ལག་རྩལ་བཟོ་པ་ཞིག་ལ་གྱུར།
           ན་ནིང་ཟླ་བརྒྱད་པར་འགོ་ཚུགས་པའི་པ་ཁྲུའུ་རྫོང་ཏུའོ་ལའེ་ཐི་པ་ཀེ་ཤང་གི་ཕུག་རོན་གསོ་ཚགས་འཛུགས་སྐྲུན་རྣམ་གྲངས་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ཤིན་ཅང་ལས་དོན་ལ་ཁ་གཏད་རོགས་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་དང་ཤིན་ཅང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིས་ཐུན་མོང་ཐོག་ལག་བསྟར་བྱས་པའི་ཤིན་ཅང་ལྷོ་རྒྱུད་ཀྱི་ཕུག་རོན་གསོ་ཚགས་དམངས་འཚོའི་འདུ་འགོད་རྣམ་གྲངས་ཡིན་ཞིང་། རྣམ་གྲངས་དེ་དང་ཕུག་རོན་གསོ་ཚགས་ཀྱི་བཟོ་པ་གསོ་སྦྱོང་འཆར་གཞི་མཉམ་དུ་ལག་བསྟར་བྱས་ཡོད། མིག་སྔའི་བར་སྔ་རྗེས་སུ་ཁག་ཐེངས་བཞིའི་དོ་དམ་ལས་བྱེད་པ་18དང་ཁག་ཐེངས་བདུན་གྱི་ཤིན་ཅང་ལྷོ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ལས་བཟོ་75ཧྲང་ཧའེ་ཅིན་ཧོང་ཕུག་རོན་ལས་རིགས་ཚད་ཡོད་ཀུང་སིར་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་བསྐྱོད་པ་རེད།
          གསར་འགོད་པར་ཧྲང་ཧའེ་གྲོང་ཁྱེར་གྱི་ཤིན་ཅང་ལས་དོན་ལ་ཁ་གཏད་རོགས་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་ཕུག་རོན་གསོ་ཚགས་ར་བར་མ་དངུལ་སྒོར་ཁྲི་2500བཏང་ནས་ཚད་ལྡན་ཅན་གྱི་ཕུག་རོན་གསོ་ཚགས་ཁང་25བསྐྲུན་ཟིན་པ་དང་ཕུག་རོན་ཆ་2000པ་ཁྲུའུ་རྫོང་དུ་དུས་འགོའི་གསོ་ཚགས་ཚོད་ལྟ་བྱེད་པར་དབོར་བ་རེད། ཕུག་རོན་གསོ་ཚགས་ར་བས་སྔོན་དཔག་བྱས་ན་འདི་ལོའི་ཟླ་བདུན་པར་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་དང་སྐབས་དེར་ཉེ་ས་ནས་གྲངས་ཉུང་མི་རིགས་ལས་བཟོ་བརྒྱ་ལྷག་ཙམ་བསྡུ་རྒྱུ་དང་འབྲེལ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་རག་ཐུབ་པ་བྱས་ནས་ཁྱིམ་ཚང་བརྒྱ་ལྷག་ཙམ་གྱི་དབུལ་ཞྭ་འབུད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།