འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་ལོགས་སུ་བསྡུ་བའི་སློབ་གྲྭ་53བར་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན་གསར་འགོད་པར་སི་ཁྲོན་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཞིང་ཆེན་འདིའི་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་ལོགས་སུ་བསྡུ་བའི་སློབ་གླིང་གི་གྲངས་འབོར་དང་སློབ་བསྡུའི་འཆར་གཞི་ཚང་མ་མང་དུ་ཕྱིན་ཡོད་པ་རེད། དེའི་ནང་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་ལོགས་སུ་བསྡུ་བའི་སློབ་གླིང་བསྡོམས་53ཡོད་པ་དེ་ན་ནིང་ལས་སློབ་གྲྭ་6མང་དུ་ཕྱིན་ཡོད་པ་དང་། མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་ལོགས་སུ་བསྡུ་བའི་འཆར་གཞིའི་མི་གྲངས་ཁྲི་7.8ཟིན་པ་དེ་ན་ནིང་དང་བསྡུར་ན་མི་ཁྲི་3.9མང་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།