འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པས་མེ་མཆོག་འཚོལ་བསྡུ་དང་བརྒྱུད་སྤྲོད་
    བྱ་ཡུལ་ཡོངས་བསྒྲགས་བསྡུ་རུབ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 16:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྒྲིག་འཛུགས་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བའི་ནང་། ཚེས་13ཉིན་ནས་བཟུང་སྤྱི་ཚོགས་ཡོངས་སུ་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོའི་མེ་མཆོག་འཚོལ་བསྡུ་དང་བརྒྱུད་སྤྲོད་བྱ་ཡུལ་གྱི་ཁྱད་ལྡན་མཛེས་ལྗོངས་ཡོངས་བསྒྲགས་བསྡུ་རུབ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
          ད་རེས་ཀྱི་བསྡུ་རུབ་བྱེད་སྒོར་བྱ་དགའ་ཡོད་ཅིང་། མེ་མཆོག་འཚོལ་བསྡུ་བྱ་ཡུལ་ལམ་ཡང་ན་བརྒྱུད་སྤྲོད་བྱ་ཡུལ་གྱི་ཁྱད་ལྡན་མཛེས་ལྗོངས་4ཡན་འོས་སྦྱོར་ཡང་དག་བྱེད་མཁན་ཚོར་སྒྲིག་འཛུགས་ཨུ་ལྷན་གྱིས་སྤྲད་པའི་ཆེད་གཏོགས་དྲན་རྟེན་ལག་ཁྱེར་སྤྲོད་རྒྱུ་དང་། དེའི་ནང་རླུང་རྟ་རྒྱུག་པའི་མི་200ལ་ད་དུང་ཆེད་གཏོགས་དྲན་རྟེན་དངོས་པོའང་སྤྲོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།