འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    བོད་ཀྱི་འབྲི་གཡག་གསོ་ཚགས་ལས་རིགས་གང་འདྲ་བྱས་ཏེ་ཁྲོམ་ར་ཆེན་པོ་དང་སྦྲེལ་ མཐུད་
    ཡོང་བ་བྱེད་དགོས་སམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚགས་ཤ་ནི་བོད་རིགས་མང་ཚོགས་མི་ཉུང་བ་ཞིག་གི་རོ་བཅུད་ལྡན་པའི་བཟའ་བཅའ་ཞིག་ཡིན། བོད་ཀྱི་ཚགས་ཤ་དང་འོ་མའི་སྤུས་ཀ་ལེགས་ལ་སྦགས་བཙོག་མེད་པ་དང་ཞིམ་མངར་ལྡན་པས་གསར་སྤེལ་གྱི་རིན་ཐང་ཆེན་པོ་ལྡན་པ་དང་ལྗོངས་ནང་ཁུལ་གྱི་ཁེ་ལས་ཁག་གཅིག་གིས་ཤ་སྐམ་པོ་རྒྱ་མ་རེར་སྒོར་300ལྷག་ཙམ་བྱེད་ཀྱང་མ་བྲིན་པའི་སེམས་ཁྲལ་མེད།
         ཁྱད་ལྡན་ཐོན་ཟོག་ཡོད་ཀྱང་། ཐོན་སྐྱེད་གཉེར་སྐྱོང་དོ་དམ་རགས་ལས་རྣམ་པ་གནས་པ་དང་། གཞི་ཁྱོན་ཚད་དུ་མི་སླེབས་པ། ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་ལས་སྣོན་བྱེད་ཚད་10%ཡང་མ་ཟིན་མོས་ལེགས་ཆ་མངོན་མི་ཐུབ་པ་གྱུར་ཡོད།
         ལོ་ཁ་ཤས་ཀྱི་རྗེས་སུ་ནག་ཆུ་ས་ཁུལ་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཁྲོམ་ར་ཅན་གྱི་འགྲོ་ལམ་དུ་བསྐྱོད་པའི་དུས་མགོའི་བྱེད་པོར་བརྩིས་ཏེ་སྲིད་གཞུང་གི་ཞབས་ཞུར་ཤུགས་སྣོན་དང་། དཔེ་སྟོན་གྱིས་སྣེ་ཁྲིད། དཔེ་མཚོན་གྱིས་ཁྲིད་སྟོན་བཅས་བྱས་ཏེ་རྒྱུན་ཆད་མེད་པར་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་སྟོབས་ཆེར་བཏང་ཞིང་། 2016ལོའི་ལོ་མཇུག་ཏུ་སླེབས་སྐབས་མཉམ་ལས་རྩ་འཛུགས་883བར་མང་དུ་ཕྱིན་ནས་གཞི་ཁྱོན་གྱི་རྣམ་པ་རགས་ཙམ་ཆགས་ཡོད། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ཞིང་འབྲོག་ལས་ལ་ཐོན་ཁུངས་དང་། ཁྱད་ཆོས། མི་མངོན་པའི་སྟོབས་ཤུགས་བཅས་ཡོད་ཀྱང་གཞི་ཁྱོན་གྱི་ཕན་འབྲས་མངོན་ཐུབ་ཀྱི་མེད། འོ་ན་གང་འདྲ་བྱེད་དགོས་སམ་ཞེ་ན། མདུན་ལམ་ཆེ་ཤོས་ནི་མ་བཅོས་མཁོ་སྤྲོད་བྱེད་ཚད་མང་དུ་གཏོང་བ་དང་ཐོན་རྫས་ཚོང་ཟོག་ལ་སྒྱུར་བ་བྱེད་དགོས་ཞེས་བསྟན་ཡོད།
         དེ་རྗེས་འཚོགས་པའི་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་རྒྱུ་དང་ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ན། གཅིག་ནས་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ་དང་སྣེ་འདྲེན་ཁེ་ལས་སྐྱེ་སྲིང་དང་སྟོབས་ཆེར་བཏང་སྟེ་ཞིང་འབྲོག་ལས་ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཞན་ཞིག་ནས་ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་གི་རྨང་གཞི་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཞིང་འགན་གཙང་གི་འབྲེལ་བ་བརྟན་དུ་གཏོང་བ། ས་གཞི་གཉེར་སྐྱོང་དབང་ཆ་ལྷུག་ཏུ་གཏོང་བ། ཞིང་འབྲོག་པ་ཁྲོམ་རར་སྐྱོད་རྒྱུར་སྣེ་ཁྲིད་བྱེད་པ། འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
         བོད་ཀྱི་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ནང་འབྲོག་ལས་ནི་ཞན་ཆ་ཡིན་པ་དང་འབྲོག་ལས་ནང་འབྲི་གཡག་གསོ་ཚགས་ལས་རིགས་ཀྱིས་གཞི་ཁྱོན་ཕལ་ཆེ་བ་བཟུང་ཡོད། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཚོད་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་འབྲི་གཡག་གསོ་ཚགས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་གིས་འབྲོག་ལས་ཐོན་རྫས་རིན་ཐང་གི་བསྡུར་ཚད་དེ་50%ཡན་བཟུང་ཡོད་པ་དང་ཚགས་ཤའི་གྲངས་འབོར་དེ་ཤ་རིགས་ཀྱི་སྤྱིའི་གྲངས་འབོར་གྱི་58.7%བཟུང་ཡོད།
         འདམ་གཞུང་ནི་ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་རྫོང་གཅིག་པུ་དེ་ཡིན་ཞིང་། 2015ལོར་ས་གཙང་བདེ་ཐང་ཐོན་ལས་ལ་བརྟེན་ནས་ས་གཙང་ཀུང་སི་བཙུགས་ཏེ་རང་ཉིད་ཀྱི་ཚོང་རྟགས་ཡོད་པའི་ཚགས་ཤ་ཁྲོམ་རར་སྟོན་པ་དང་བཤས་རྗེས་ཀྱི་ཤ་ཚང་མར་ཨང་རྟགས་བརྒྱབ་ཡོད་པས་རྙོག་དྲ་བྱུང་ན་དུད་ཚང་འཚོལ་ཆོག་ཆོག་རེད།
         གསར་འགོད་པས་ཤེས་རྟོགས་བྱས་པར། འདི་ལོ་རང་སྐྱོང་ལྗོངས་ཀྱིས་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་འབྲེལ་ཡོད་བསམ་འཆར་འདོན་རྒྱུ་ཡིན་ཞིང་། སྐབས་དེ་དུས་བོད་ལྗོངས་ཀྱི་འབྲི་གཡག་གསོ་ཚགས་ལས་རིགས་ཀྱི་སྲིད་ཇུས་དེ་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།