འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཀག་ན་སྨན་ཁང་ལ་སྨན་བཅོས་དངོས་ཟོག་ཞལ་
    འདེབས་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀག་ནར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་དྲུག་པས་རྒྱལ་ས་ཨ་ཁ་རར་ཀྲུང་གོ་དང་ཀག་ནའི་མཛའ་གྲོགས་སྨན་ཁང་ལ་སྨན་བཅོས་དངོས་ཟོག་ཞལ་འདེབས་ཕུལ་བའི་མཛད་སྒོ་སྤེལ་བ་རེད།
         ད་ཐེངས་ཞལ་འདེབས་ཕུལ་བའི་སྨན་བཅོས་ཡོ་ཆས་ནང་སྦྲིད་སྨན་ལས་དོན་ས་ཚིགས་དང་། ནུས་མང་བུ་བཙའི་ཉལ་ཁྲི སྙིང་པར་འཕྲུལ་འཁོར་སོགས་སྨན་བཅོས་ཡོ་ཆས་དང་ཟད་གྲོན་རྒྱུ་ཆ་མང་པོ་ཚུད་ཡོད་པ་དེ་དག་ལ་མི་དམངས་ཤོག་སྒོར་ཁྲི་103ཙམ་ཟིན་གྱི་ཡོད། ཀྲུང་གོས་2010ལོར་ཀྲུང་གོ་དང་ཀག་ནའི་མཛའ་གྲོཌ་སྨན་ཁང་རོཌ་སྐྲུན་བྱས་ནས་2016ལོ་བར་སྨན་ཁང་གིས་ནད་པ་མི་ཐེངས་ཁྲི་10ཙམ་ལ་སྨན་བཅོས་བྱས་པ་རེད།
        ཀག་ནའི་འཕྲོད་བསྟེན་པུའི་འཐུས་མི་དང་ཀག་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་འཐུས་མི་ད་ཐེངས་ཀྱི་ཞལ་འདེབས་ཕུལ་བའི་མཛད་སྒོར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།