འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་བཞི་པའི་ཁ་མེ་རོང་རྒྱལ་སྤྱིའི་རྐང་ འཁོར་འགྲན་བསྡུར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་11ཉིན་སྐབས་བཅུ་བཞི་པའི་ཁ་མེ་རོང་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་རྒྱལ་ས་ཡ་ཝུན་ཏེར་འགོ་ཚུགས་ཤིང་། རྒྱལ་ཁབ་10ནས་ཡོང་བའི་རྐང་འཁོར་ལུས་རྩལ་པ་63འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
         ད་ཐེངས་འགྲན་བསྡུར་ཁྲོད་ཁྱོན་རུ་ཁག་11ཡོད་པའི་ནང་ཁ་མེ་རོང་གི་རུ་ཁག་གཉིས་དང་དེ་མིན་རྒྱལ་ཁབ་9ཡི་རུ་ཁག་རེ་ཡོད་པ་རེད། འགྲན་བསྡུར་ལ་ཞུགས་མཁན་གྱི་རྒྱལ་ཁབ་10ཡི་ནང་ཁ་མེ་རོང་དང་། རུ་ཝང་ཏ། ཁོ་ཐེ་ཏི་ཝོར། མོ་རོ་ཁོ། ཁོང་ཀོ(ཁེན)པེར་ཀྲེམ། ཧྥ་རན་སེ། འཇར་མན། ཧོ་ལན་དང་སི་ལོ་ཝ་ཁེ་ཡ་བཅས་ཡོད། པེར་ཀྲེམ་འཐུས་མི་རུ་ཁག་ནི་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡིན་པ་རེད།
         ཁ་མེ་རོང་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་དེ་2003ལོར་གཉེར་འགོ་ཚུགས་པ་དང་ད་ལོའི་འགྲན་བསྡུར་དེ་ཟླ་3ཚེས་19ཉིན་ཡ་ཝུན་ཏེར་མཇུག་འགྲིལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།