འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་ཉམས་འགྱུར་ཟིན་ཐོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་03ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

    ༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་ཉམས་འགྱུར་ཟིན་ཐོ།
          མི་དམངས་དྲ་བའི་འཕྲིན། དཔྱིད་འགོ་འཆར་བའི་དུས་སུ་ཀྲུང་གོ་རྒྱལ་ཁབ་ནི་ཡང་བསྐྱར"ཚོགས་ཆེན་གཉིས་འཚོགས་པའི་དུས"ལ་སླེབས་པ་རེད། ལོ་རེར་ཐེངས་རེའི་ཚོགས་ཆེན་གཟབ་རྒྱས་འདིས་ལས་རིགས་ཁག་གི་དོ་ཁུར་བྱེད་མིག་འགུགས་བཞིན་ཡོད་ལ། མང་ཚོགས་དུང་ཕྱུར་ལྷག་གིས་དོ་སྣང་ཆེན་པོའང་བྱེད་བཞིན་ཡོད་པ་རེད།
          2013ལོ་ནས་བཟུང་། སྐབས་འདི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཞབས་ཟུང་རྡུལ་དང་མ་བྲལ་བར། གཞི་རིམ་ཡིད་ལ་བཞག་ནས་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་བསྣམས་ཏེ་ཚོགས་ཆེན་དུ་ཕེབས་ནས་གཞི་རིམ་མདུན་སའི་སྐད་ཆ་ཁྱེར་ཡོང་བ་རེད།
         འདི་ག་ཚགས་པར་ཁང་གིས་རྒྱ་ཆེའི་ཀློག་པ་ཚོར་འཐུས་མི་དང་ཨུ་ཡོན་འགའ་ཞིག་གི་པར་རིས་བསྡུས་ཏེ་ང་ཚོས་མཉམ་དུ་ཁོང་ཚོའི་ཚོགས་ཆེན་གཉིས་ཐོག་གི་ཉམས་འགྱུར་ལ་ཕྱིར་དྲན་ཞིག་བྱའོ།།
         གོང་གི་པར་རིས་དེ་ནི་2013ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས། སོག་རིགས་འཐུས་མི་ཏུའུ་པིན་ཝེ་ཡིས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་བྱ་དགོས་ན་རིག་གནས་སྔོན་ལ་བསྐྱོད་དགོས་ཞེས་བརྗོད་པ།
    2014ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས། ཅང་ཞི་ཞིང་ཆེན་ཝུའུ་ཡུན་གྲོང་རྡལ་གྱི་འཐུས་མི་མིང་ཅིན་ཧྭ་ཡིས་ཕ་ཡུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བའི་འདྲ་པར་འགྲེམས་སྟོན་བྱེད་པ།

    2015ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས། ཤིན་ཅང་གི་ཨུ་ཡོན་ཕཱར་ཧ་ཐི་•ཨ་པུ་ཏུའུ་རེ་དབྱི་མུའུ་ཡིས་ཤེས་ལྡན་མི་སྣ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཅན་དུ་འགྱུར་བར་བྱ་རྒྱུའི་འཐབ་ཇུས་ཀྱི་དམིགས་ཡུལ་མངོན་འགྱུར་བྱ་དགོས་ན། གནད་འགག་ཆེ་བ་ནི་སློབ་གསོར་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་དགོས་པས། སྲིད་གཞུང་གིས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་འཕར་གཟིགས་སྲིད་ཇུས་དང་དཔལ་འབྱོར་ཐོག་གི་རྒྱབ་སྐྱོར་སྔར་ལས་མང་བ་གནང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བརྗོད་པ།

    2016ལོའི་ཟླ་3ཚེས་4ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོར་གསར་འགྱུར་ཁྱབ་བསྒྲགས་ཚོགས་ཆེན་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་མགྲིན་ཚབ་པ་ཧྥུའུ་དབྱིང་གིས་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་ཚོ་དང་སྤེལ་རེས་གནང་བཞིན་པ།

    2016ལོའི་ཟླ་3ཚེས་3ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐའེ་ལི་ཧྭ་(དཀྱིལ)ཡིས་ལག་བརྡ་ཐོག་ནས་གྲོས་ཚོགས་ཀྱི་ནང་དོན་གསན་བཞིན་པ།

    2017-03-01

    ཕྱོགས་བསྡུས་གསར་འགྱུར།