འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སོགས་ཞིང་ཆེན་8ཀྱི་གྲངས་ཉུང་མི་རིགས་ཀྱི་གྲོང་མིས་ཡུལ་གཞན་ཁྲུང་ཆིང་
    དུ་སྐད་ཡིག་གཉིས་ལྡན་པར་གཞིའི་ཐོབ་ཐང་ལག་ཁྱེར་སྒྲུབ་ལེན་བྱས་ཆོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་03ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཁྲུང་ཆིང་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་སྐྱོང་དོ་དམ་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3ཚེས་1ཉིན་ནས་བཟུང་ཁྲུང་ཆིང་སྤྱི་བདེ་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ཐེམ་ཐོ་ཡིན་པའི་གྲོང་མིར་ཡུལ་གཞན་དུ་གྲོང་མིའི་ཐོབ་ཐང་ལག་ཁྱེར་སྒྲུབ་སྤྲོད་བྱེད་འགོ་བརྩམས་ཤིང། འདི་ནས་བཟུང་། བོད་ལྗོངས་དང་། ཀོང་ཞི། ནང་སོག་བཅས་རང་སྐྱོང་ལྗོངས་3དང་མཚོ་སྔོན་དང་། སི་ཁྲོན། ཅི་ལིན། ཧེ་ལུང་ཅང་། ལེའོ་ཉིང་སོགས་ཞིང་ཆེན་5ཡི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་(རྫོང་)གྱི་ཐེམ་ཐོ་ཡིན་པའི་མང་ཚོགས་ཀྱིས་ཁྲུང་ཆིང་དུ་ཐོབ་ཐང་ལག་ཁྱེར་སྒྲུབ་ལེན་བྱས་ཆོག་པ་རེད།
         མ་ལག་རིམ་པ་སྤར་བ་བརྒྱུད། ཁྲུང་ཆིང་སྤྱི་བདེ་ལས་ཁུངས་ལ་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ལྡན་པའི་སྐད་ཡིག་གཉིས་ལྡན་པར་གཞིའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བཟོ་རྒྱུའི་ཆ་རྐྱེན་འཛོམས་པ་རེད། མིག་སྔར་ཁྲུང་ཆིང་གིས་ཁྲུང་ཆིང་དུ་གནས་སྡོད་བྱས་པའི་རྒྱལ་ཡོངས་ཞིང་ཆེན་29(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་)ཡི་མང་ཚོགས་ལ་ཞིང་ཆེན་ལས་བརྒལ་ནས་ཡུལ་གཞན་ཁྲུང་ཆིང་དུ་ཐོབ་ཐང་ལག་ཁྱེར་སྒྲུབ་སྤྲོད་ཀྱི་ཞབས་ཞུ་བྱེད་ཐུབ་པར་གྱུར་པ་རེད།
         དུས་མཚུངས་སུ་ཚད་ཆེ་ཤོས་ཀྱི་སྒོ་ནས་ཕྱི་ནས་ཁྲུང་ཆིང་དུ་ཡོང་བའི་མང་ཚོགས་ཀྱིས་རང་གནས་སའི་ཉེ་སར་ཐོབ་ཐང་ལག་ཁྱེར་བརྗེ་ལེན་དང་གསབ་ལེན་གྱི་ལས་སྒོ་སྒྲུབ་པར་སྟབས་བདེ་བཟོ་ཆེད། ཁྲུང་ཆིང་གྲོང་ཁྱེར་ཁོངས་ཀྱི་ཆུས་དང་རྫོང་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ལས་བརྒལ་ནས་ཡུལ་གཞན་དུ་ཐོབ་ཐང་ལག་ཁྱེར་སྤྲོད་ལེན་བྱེད་ས་དང་ལས་སྒྲུབ་མི་སྣ་འཕར་སྣོན་ལུགས་མཐུན་བཏང་བ་དང་། འབྲེལ་ཡོད་ཀྱི་སྒྲིག་ཆས་ཁ་སྣོན་བྱས་ཏེ་མང་ཚོགས་ཀྱིས་ལག་ཁྱེར་སྒྲུབ་ལེན་བྱ་རྒྱུའི་དགོས་འདུན་ལ་འགན་སྲུང་བྱས་པ་རེད། མིག་སྔར། གྲོང་ཁྱེར་ཡོངས་སུ་ཞིང་ཆེན་ལས་བརྒལ་ནས་ཡུལ་གཞན་དུ་ཐོབ་ཐང་ལག་ཁྱེར་སྤྲོད་ལེན་བྱེད་ས་66ནས་315རུ་འཕར་སྣོན་བཏང་ཡོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།