འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲི་མོའུ་ཅུན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྲི་མོའུ་ཅུན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས་པ།
          མི་དམངས་དྲ་བའི་འཕྲིན། 《བོད་ལྗོངས་ཉིན་རེའི་ཚགས་པར་》དུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། སྤྱི་ཟླ་2ཚེས་28ཉིན། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་གྲོས་ཚོགས་ཐེངས་30པའི་ཐོག་ཧྲི་མོའུ་ཅུན་(石谋军)བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུའི་ཆོད་དོན་ལ་གྲོས་འཆམ་བྱུང་བ་རེད།
           བློ་མཐུན་ཧྲི་མོའུ་ཅུན་གྱི་ལོ་རྒྱུས་མདོར་བསྡུས།
            ཧྲི་མོའུ་ཅུན། སྐྱེས་པ། མིའོ་རིགས། 1968ལོའི་ཟླ་2པར་སྐྱེས། ཧུའུ་ནན་ཞིང་ཆེན་ཡོན་ལིན་ནས་ཡིན། 1990ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་། 1991ལོའི་ཟླ་7པར་ལས་ཀར་ཞུགས། སློབ་གྲྭ་ཆེན་པོའི་སློབ་བརྒྱུད་དང་། ཞིང་ལས་ཁྱབ་སྤེལ་གྱི་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད།
           1987ལོའི་ཟླ་9པ་ནས་1991ལོའི་ཟླ་7པའི་བར་ཧུའུ་ནན་ཞིང་ལས་སློབ་གླིང་ཆེད་ལས་ལག་རྩལ་དགེ་འོས་པུའུ་ཡི་ལོ་ཏོག་ཆེད་ལས་སློབ་གཉེར་བྱས་པ་དང་།
           1991ལོའི་ཟླ་7པ་ནས་1991ལོའི་ཟླ་9པའི་བར་ཧུའུ་ནན་ཞིང་ལས་སློབ་གླིང་གི་སློབ་དོན་ཁྲུའུ་རུ་ལས་ཀ་བྱས་པ།
          1991ལོའི་ཟླ་9པ་ནས་1997ལོའི་ཟླ་3པའི་བར་ཧུའུ་ནན་ཞིང་ཆེན་སློབ་གསོ་ཨུ་ལྷན་གྱི་ལས་རིགས་སློབ་གསོའི་ཞིབ་འཇུག་ལྟེ་གནས་དང་ལས་རིགས་སློབ་གསོ་ཁྲུའུ་རུ་ལས་ཀ་བྱས་པ།
          1997ལོའི་ཟླ་3པ་ནས་1997ལོའི་ཟླ་4པའི་བར་ཧུའུ་ནན་ཞིང་ཆེན་སློབ་གསོ་ཨུ་ལྷན་གྱི་ལས་རིགས་སློབ་གསོ་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་གྱི་འགན་ཁུར་བ།
          1997ལོའི་ཟླ་4པ་ནས་2000ལོའི་ཟླ་7པའི་བར་ཧུའུ་ནན་ཞིང་ཆེན་ཨུ་ལྷན་གྱི་སྲིད་ཇུས་ཞིབ་འཇུག་ཁང་གི་གྲོང་གསེབ་ཁྲུའུ་ཡི་ཁོའོ་རིམ་པ་རྒན་པའི་ཞིབ་འཇུག་པའི་འགན་ཁུར་བ།
          2000ལོའི་ཟླ་7པ་ནས་2001ལོའི་ཟླ་8པའི་བར་ཧུའུ་ནན་ཞིང་ཆེན་ཨུ་ལྷན་གྱི་སྲིད་ཇུས་ཞིབ་འཇུག་ཁང་གི་གྲོང་གསེབ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར་བ།
          2001ལོའི་ཟླ་8པ་ནས་2004ལོའི་ཟླ་1པོའི་བར་ཧུའུ་ནན་ཞིང་ཆེན་ཨུ་ལྷན་གྱི་གཞུང་ལས་ཐིང་ཕྱོགས་བསྡུས་བརྟག་ཞིབ་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར་བ།
          2004ལོའི་ཟླ་1པོ་ནས་2008ལོའི་ཟླ་3པའི་བར་ཧུའུ་ནན་ཞིང་ཆེན་ཨུ་ལྷན་གྱི་སྲིད་ཇུས་ཞིབ་འཇུག་ཁང་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་ཁུར་བ། (2003ལོའི་ཟླ་3པ་ནས་2005ལོའི་ཟླ་12པའི་བར་ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་སྐྱེ་དངོས་བདེ་འཇགས་ཚན་རྩལ་སློབ་གླིང་གི་རྩི་ཤིང་སྲུང་སྐྱོང་ཆེད་ལས་སློབ་གཉེར་བྱས་ནས་ཞིང་ལས་ཁྱབ་སྤེལ་གྱི་རབ་འབྱམས་པའི་བསླབ་གནས་ཐོབ་པ། 2007ལོའི་ཟླ་3པ་ནས་2007ལོའི་ཟླ་7པའི་བར་ཧུའུ་ནན་ཞིང་ཆེན་ཨུ་ལྷན་གྱི་ཏང་གི་སློབ་གྲྭའི་གཞོན་དར་འཛིན་གྲྭར་སློབ་གཉེར་བྱས་པ།)
          2008ལོའི་ཟླ་3པ་ནས་2008ལོའི་ཟླ་12པའི་བར་ཧུའུ་ནན་ཞིང་ཆེན་ཨུ་ལྷན་གྱི་སྲིད་ཇུས་ཞིབ་འཇུག་ཁང་གི་སྐོར་གཟིགས་པ་གཞོན་པའི་འགན་ཁུར་བ།
          2008ལོའི་ཟླ་12པ་ནས་2010ལོའི་ཟླ་5པའི་བར་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པའི་འགན་ཁུར་བ།
          2010ལོའི་ཟླ་5པ་ནས་2013ལོའི་ཟླ་7པའི་བར་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་ཁུར་བ།
         2013ལོའི་ཟླ་7པ་ནས་2014ལོའི་ཟླ་2པའི་བར་ཧུའུ་ནན་ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་བ།
          2014ལོའི་ཟླ་2པ་ནས་2014ལོའི་ཟླ་12པའི་བར་ཧུའུ་ནན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེ་མོ་གཞོན་པ་དང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་བ།
          2014ལོའི་ཟླ་12པ་ནས་2017ལོའི་ཟླ་2པའི་བར་ཧུའུ་ནན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེ་མོ་གཞོན་པ་དང་གཞུང་ལས་ཐིང་གི་ཀྲུའུ་རེན་གྱི་འགན་ཁུར་བ།
         2017ལོའི་ཟླ་2པ་ནས་བཟུང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པའི་འགན་ཁུར་བ་བཅས་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།