འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས"ཚོགས་འདུ་གཉིས"ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

    ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ལེགས་སྒྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས'ཚོགས་འདུ་གཉིས'ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
            མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་1ཚེས་8ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི"ཚོགས་འདུ་གཉིས"ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་ཟླ་1ཚེས་10ཉིན་ནས་ཚེས་15ཉིན་བར་འཚོག་རྒྱུ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་ཟླ་1ཚེས་9ཉིན་ནས་ཚེས་14ཉིན་བར་འཚོག་རྒྱུ་རེད། མིག་སྔར་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་རྩ་བའི་ཆར་ལེགས་སྒྲུབ་ཟིན་ཡོད་པ་རེད།
              གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་དྲུང་ཆེ་གཞོན་པ་ཝང་ཏེ་ཝུན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ཁྲེན་ཧའེ་རྣམ་གཉིས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་ལས་འགན་གཙོ་བོ་དང་ཉིན་རེའི་བཀོད་སྒྲིག་དང་གྲ་སྒྲིག་ལས་དོན་བསྒྲུབས་ཚུལ་ཁག་སོ་སོར་བརྡ་ཁྱབ་བཏང་བ་རེད།
             འདས་ཟིན་པའི་ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་ལས་དོན་ཁྲོད་བཏོན་པའི་གཙོ་ཁྲིད་ནུས་པ་གླེང་སྐབས་ཝང་ཏེ་ཝུན་གྱིས་2016ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་སོགས་ཁྱབ་ཁོངས་མང་པོའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་མཐོང་ཆེན་བྱས་པ་དང་། ལོ་ཧྲིལ་པོར་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་ཁག་12ལ་གྲོས་ཞིབ་བྱས་ནས་ཁག་8ལ་གྲོས་འཆམ་བྱུང་བ། དེའི་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པའི་ཁྲིམས་སྲོལ་གྲོས་གཞི་1དང་། ཆུས་དང་གྲོང་ཁྱེར་འཛུགས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་3ལ་ཞིབ་བཤེར་བྱ་རྒྱུའི་ཆོག་མཆན་སྤྲད་དེ་ས་གནས་ཀྱི་ཁྲིམས་སྲོལ་འཛུགས་སྐྱོང་ཐད་གོམ་སྟབས་གསར་པ་སྤོས་ཡོད། ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་དགོངས་དོན་དང་ངོ་བོ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་ཁྲིམས་བཞིན་ཁྲིམས་འཛུགས་དང་། དམངས་ཆེད་ཁྲིམས་འཛུགས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་བཅས་ཀྱི་ལས་ཀའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཁྲིམས་འཛུགས་སྤུས་ཚད་མཐོར་གཏོང་ཐད་འབད་བརྩོན་བྱས་པ་དང་། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་པ། ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ། ཁྲིམས་འཛུགས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ། ཁྲིམས་འཛུགས་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
             2016ལོའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་ངོ་སྤྲོད་གནང་སྐབས་ཁྲེན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རིགས་ཁོངས་ཁག་གི་ཨུ་ཡོན་ཚོས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་དམ་པོར་དམིགས་པ། གྲོས་གཞི་འདོན་པའི་འགན་འཁྲི་གང་ལེགས་སྤྱད་དེ་གྲོས་གཞིའི་ནང་དོན་གནད་ལ་འཁེལ་བ་དང་སྤུས་ཚད་ཡག་པོ་བྱུང་བ་དེ་ཐོག་ནས་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་བྱེད་པའི་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མཚོན་ཡོད། ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་ཆེད་ལྗོངས་སྲིད་གྲོས་ཀྱིས་འབྲེལ་ཡོད་ཚོགས་འདུ་དང་། བརྟག་ཞིབ། ལས་འགན་སྒྲུབ་པའི་བྱེད་སྒོ་སྤེལ་བ་སོགས་ཀྱི་རྣམ་པ་གང་ལེགས་སྤྱད་དེ་ཨུ་ཡོན་ཚོར་གྲོས་གཞིའི་ལས་དོན་དྲིལ་བསྒྲགས་བྱས་པ་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཀྱི་ཚོགས་ཞུགས་ཚན་པ་ཁག་ལ་སྣེ་ཁྲིད་ཀྱིས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་ལས་ཀའི་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་འགན་ནུས་ཧུར་ཐག་བསྒྲུབས་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།