འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེང་ཤུན་གྱིས་གྲོང་གསེབ་ཀྱི་ཞིང་པར་ལག་ཐོགས་ཁ་པར་ནས་དྲ་རྒྱར་ཞུགས་སྟངས་གསོ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་3ཉིན། ཞིང་པའི་ཆ་འཕྲིན་ཅན་དང་དྲ་སྦྲེལ་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཐེང་ཤུན་གྱིས་གཙོ་གཉེར་བྱས་པའི“ཐེང་ཤུན་གྱིས་གྲོང་གསེབ་ཀྱི་ཞིང་པར་ལག་ཐོགས་ཁ་པར་བེད་སྤྱོད་གཏོང་སྟངས་སློབ་པའི་གསོ་སྦྱོང་ཚོགས་འདུ”པེ་ཅིང་དུ་འཚོགས་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། ཐེང་ཤུན་གྱི“གྲོང་ཆེད”འབོད་སྐུལ་དེ་ནི་སྒུལ་བདེའི་དྲ་སྦྲེལ་ཐོག་ནས་གྲོང་གསེབ་ཀྱི་རིན་ཐང་ཤེས་རྟོགས་བྱེད་པའི་སྒོ་དབྱེའི་ལས་སྟེགས་ཤིག་ཡིན་ཞིང་། “གྲོང་ཆེད”ཀྱི་སྲོག་ཤིང་ནང་དོན་ནི་གྲོང་ཚོ་མི་རེ་ངོ་རེར་རང་ཉིད་ལ་དབང་བའི་སྐད་འཕྲིན་སྤྱི་རྟགས་སྟེགས་བུ་ཞིག་ཡོད་པ་དང་གྲོང་གསེབ་ལ་ཕྱོགས་ན་གྲོང་ཆེད་དེ་ནི་རིག་ལྡན་འཚོ་བའི་ལས་སྟེགས་ཤིག་དང་ཕྱི་རོལ་ལ་ཁ་ཕྱོགས་ན་གྲོང་ཆེད་དེ་ནི་གྲོང་གསེབ་ཀྱི་དྲ་རྒྱའི་བྱང་བུ་ཞིག་ཡིན།
        མིག་སྔའི་བར། རྒྱལ་ཡོངས་སུ“གྲོང་ཆེད”ནང་ཞུགས་རྒྱུའི་རེ་ཞུ་བྱེད་མཁན་གྲོང་ཚོ་2500ཡོད་པ་དང་གྲོང་ཚོ་100ལ“གྲོང་ཆེད”ཀྱི་སྤྱི་རྟགས་ཡོད་པས། དེས་སྒུལ་བདེའི་དྲ་སྦྲེལ་གྱི་འཚོ་བ་གསར་པ་བརྩམས་ཡོད། ཞིང་ལས་པུའི་ཁྲོམ་རའི་དཔལ་འབྱོར་དང་ཆ་འཕྲིན་སིའི་སི་ཀྲང་གཞོན་པ་ཝང་ཞའོ་པིང་གིས་ཐེང་ཤུན་གྱིས་གྲོང་གསེབ་ལ་ལས་སྟེགས་བཏོད་པ་ནི“དྲ་སྦྲེལ+”གྱི་བྱ་སྤྱོད་གྲོང་གསེབ་ཏུ་ལག་བསྟར་གཏིང་ཟབ་བྱས་པའི་ལག་ལེན་ཞིག་དང་རྒྱ་ཆེའི་ཞིང་པ་མང་ཚོགས་ཆ་འཕྲིན་ཅན་གྱི་འཚོ་བའི་ནང་ཞུགས་པ་དང་། རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། འབབ་འཕར་ཕྱུག་འགྱུར་ཡོང་བ་བཅས་ཀྱི་རོགས་རམ་བྱེད་པའི་འདེགས་གནས་གལ་ཆེན་ཞིག་རེད་ཅེས་བཤད།
        གསོ་སྦྱོང་ཚོགས་འདུའི་ཐོག་ཐེང་ཤུན་གྱིས་ད་དུང་དབྱི་ལུང་ཀུང་སི་དང་འཐབ་ཇུས་གྲོས་མཐུན་ཐོག་མིང་རྟགས་བཀོད་ཡོད། རྒྱལ་ནང་གི་དྲ་ཐོག་ཡུལ་སྐོར་ཞག་སྡོད་ཞབས་ཞུ་མཁོ་འདོན་ཚོང་པ་ཡིན་པའི་དབྱི་ལུང་གིས“གྲོང་ཆེད”གྲོང་གསེབ་ལ་ཆེད་ལས་ཞིང་པའི་སྤྲོ་སྐྱིད་ཁང་དང་ཞག་སྡོད་ཀྱི་ཐོན་རྫས་འཆར་འགོད་དང་། ཞབས་ཞུ། ཚོང་གཉེར་ཁྲིད་སྟོན་དང་། དེ་བཞིན་སྐོང་འདྲེན་ཁྱབ་གདལ་བཅས་མཁོ་འདོན་བྱས་ཏེ“གྲོང་ཆེད”གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད། གཞན་ཡང་ཐེང་ཤུན་གྱི“གྲོང་ཆེད”ཀྱིས་ད་དུང་ཁུག་མའི་ཟོག་ཉོ་དང་མཉམ་ལས་བྱས་ནས་ཞིང་པའི་ཐོན་རྫས་ཡག་གྲས་འཛད་སྤྱོད་པར་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།