འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་སྤྱི་ཁྱབ་ཀུང་སིས་མཉམ་འདྲེས་ཀྱི་དབང་བའི་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་3ཉིན། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་ལས་ཀའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2017ལོར་རྒྱལ་ཡོངས་ལྕགས་ལམ་ལས་རིགས་ལ་མ་དངུལ་ན་ནིང་དང་གཅིག་མཚུངས་བཏང་སྟེ་རྒྱལ་ཁབ་ཀྱིས་སྤྲད་པའི་གཏན་འཇགས་རྒྱུ་ནོར་མ་འཇོག་གི་འཆར་གཞི་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བ་བྱས་ཏེ་ལམ་ཐིག་གསར་པ་སྤྱི་ལེ་2100དང་། ལྕགས་ལམ་ཉིས་གཤིབ་མ་སྤྱི་ལེ་2500 གློག་ཤུགས་ཅན་གྱི་ལྕགས་ལམ་སྤྱི་ལེ་4000བཅས་ལས་འགོ་འཛུགས་རྒྱུ་མ་ཟད། ལྕགས་ལམ་སྤྱི་ཁྱབ་ཀུང་སིས་རྒྱུ་ནོར་འཛིན་ལོར་ཅན་གྱི་ལས་སྒོ་དང་མཉམ་འདྲེས་ཀྱི་དབང་བའི་ལམ་ལུགས་སྒྱུར་བཅོས་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།
         ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁྲེང་ཏུང་ཕུའུ་ཡིས། 2016ལོར་རྒྱལ་ཡོངས་ལྕགས་ལམ་ལས་རིགས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་8015བཏང་ཟིན་ནས་ལམ་ཐིག་གསར་པ་སྤྱི་ལེ་3281བཟོས་པ་དང་། རྣམ་གྲངས་46གསར་དུ་ལས་འགོ་བཙུགས་པ། མ་དངུལ་སྒོར་དུང་ཕྱུར་5500གསར་སྣོན་བྱས་པས། 2016ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་ལྕགས་ལམ་གྱི་སྐྱེལ་འདྲེན་ལམ་ཚད་སྤྱི་ལེ་ཁྲི་12.4ཟིན་པའི་ནང་མྱུར་བགྲོད་ལྕགས་ལམ་གྱིས་སྤྱི་ལེ་ཁྲི་2.2ཡན་བཟུང་ཡོད་ཅེས་ངོ་སྤྲོད་བྱས།
         ལྕགས་ལམ་གྱི་མ་རྩའི་ཚོང་གཉེར་ཕན་འབྲས་ལེགས་སུ་གཏོང་ཆེད། འདི་ལོ་ལྕགས་ལམ་གྱི་རྒྱུ་ནོར་མ་རྩར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། གཞན་ཡང་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་མཉམ་འདྲེས་ཀྱི་དབང་བའི་ལམ་ལུགས་སྒྱུར་བཅོས་ལག་ལེན་བསྟར་ཏེ་ལྕགས་ལམ་སྐྱེལ་འདྲེན་གྱི་གོང་འོག་ཁེ་ལས་དང་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་རྒྱལ་ཁབ་ལྕགས་ལམ་གྱིས་མ་རྩ་བཏང་སྟེ་མ་རྐང་ནང་ཞུགས་པ་དང་། མཉམ་ལས་ལས་སྟེགས་ཀུང་སི་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལྕགས་ལམ་མ་རྩ་དང་སྤྱི་ཚོགས་མ་རྩ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།