འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ས་ཁུལ་དབུལ་པོའི་ཁེ་ལས་ཀྱི་ཁྲོམ་རར་
    འགྲེམས་སྤེལ་བྱེད་པའི་ཆ་རྐྱེན་དམའ་རུ་གཏོང་གི་མིན་ཞེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་15ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་གསར་འགོད་པར་ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་བརྟན་པོ་ཐུབ་རོགས་བྱ་ཆེད། ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ས་ཁུལ་དབུལ་པོའི་ཁེ་ལས་ལ་རྐང་འཛིན་འགྲེམས་སྤེལ་དང་། བུན་འཛིན་འགྲེམས་སྤེལ། མཉམ་ཉོ་བསྐྱར་སྒྲིག་སོགས་ལྗང་མདོག་བགྲོད་ལམ་ཐོག་མར་བཏོད་ཡོད། མིག་སྔའི་ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་བདག་སྤྲོད་བྱས་པའི་གནས་ཚུལ་གྱི་ཐོག་ནས་བལྟས་ཚེ། ས་ཁུལ་དབུལ་པོར་ཁེ་ལས་ཀྱི་གྲངས་འབོར་ཉུང་ཙམ་ཡིན་པས་མིག་སྔར་འགྲེམས་སྤེལ་བྱེད་མགྱོགས་པའི་གནས་ཚུལ་འོག་དྲང་སྙོམས་རང་བཞིན་གྱི་ཤུགས་རྐྱེན་ཧ་ཅང་ཆུང་ཆུང་ཡིན་པ་རེད།
          དབུལ་སྐྱོར་ལས་དོན་དོན་ཐོག་ཏུ་འཁྱོལ་ཐུབ་ཆེད། ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཕྱོགས་གཅིག་ནས་ས་ཁུལ་དབུལ་པོའི་ཁེ་ལས་ལ“སྙན་སེང་ཞུས་མ་ཐག་ཞིབ་དཔྱད་བྱེད་པ་དང་ཞིབ་དཔྱད་བྱས་རྗེས་འགྲེམས་སྤེལ་བྱེད་པའི”དམིགས་བསལ་གྱི་དཔྱད་ཞིབ་སྲིད་ཇུས་མཁོ་འདོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དབུལ་སྐྱོར་ལས་དོན་གྱི་ཕན་འབྲས་འགན་ལེན་ཐུབ་ཆེད། ས་ཁུལ་དབུལ་པོའི་ཁེ་ལས་ཀྱི་ཁྲོམ་རའི་ཐོག་འགྲེམས་སྤེལ་བྱེད་པའི་ཆ་རྐྱེན་དམའ་རུ་མི་གཏོང་བ་དང་། དཔྱད་ཞིབ་ཚད་གཞི་ཆུང་དུ་མི་གཏོང་བ། དཔྱད་ཞིབ་ལྷུ་ཚིགས་ཉུང་དུ་མི་གཏོང་བ་བཅས་བྱས་ནས། དཔྱད་ཞིབ་བརྒྱུད་རིམ་ཁུ་བསྡུ་མི་བྱེད་པར་ཆ་རྐྱེན་གཅིག་མཚུངས་འོག་དཔྱད་ཞིབ་མྱུར་ཚད་ཐད་དམིགས་བསལ་གྱི་དབང་ཆ་སྤྲད་ཡོད། གཞན་ཡང་ས་ཁུལ་དབུལ་པོའི་ཁྲོམ་ཞུགས་ཁེ་ལས་ཀྱི་སྤུས་ཚད་འགན་ལེན་བྱ་ཆེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ས་ཁུལ་དབུལ་པོའི་ཁེ་ལས་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པའི་བྱ་ཐབས་སྤྱད་དེ། ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྒྲིག་གཞིའི་སྣེ་ཁྲིད་མངགས་གཏོང་བྱས་ཏེ་ས་ཁུལ་དབུལ་པོའི་ཁེ་ལས་ཀྱི་ཆ་འཕྲིན་གྱི་སྤུས་ཚད་དང་ལྷག་པར་དུ་ནོར་དོན་ཆ་འཕྲིན་གྱིས་སྤུས་ཚད་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།