འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་པ་སྣམ་རྫོང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱིས་མང་ཚོགས་དབུལ་སྒྲོལ་
    ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སྟབས་ཐུག་འཐུང་མཁན་མི་ཉུང་བ་ཞིག་ཡོད་རུང་། རྩམ་པའི་སྟབས་ཐུག་ཅེས་པ་ཐོས་མཁན་མང་པོ་ཡོད་ཀྱི་མ་རེད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་རྩམ་པའི་སྟབས་ཐུག་བཟོ་མཁན་ཁེ་ལས་ཤིག་ཡོད། ཁོང་ཚོས་བཟོས་པའི་རྩམ་པའི་སྟབས་ཐུག་གིས་ས་གནས་དེ་གའི་ཞིང་ལས་ཐོན་རྫས་ལས་སྣོན་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད་ལ། ཉེ་འཁོར་གྱི་ཞིང་འབྲོག་པར་ཕན་པ་ཡང་བཏགས་ཡོད་པ་རེད།
           དབང་དར་བཟའ་བཅའ་ཀུང་སིས་རྩམ་པ་བརྫི་བ་དང་། དུམ་བུར་གཏོང་བ། རླངས་བཙོས་རྒྱག་པ། ཐུམ་སྒྲིལ་རྒྱག་པ་སོགས་ལས་རིམ་བཅུ་གྲངས་བརྒྱུད་འཁྱེར་བདེའི་སྟབས་ཐུག་བཟོ་གི་ཡོད།
          ཅིང་ལི་གྲོ་ཐོག་གིས་ལོ་ལྟར་སྟབས་ཐུག་བཟོ་བར་རྩམ་པ་ཏུན་2400དགོས་ཀྱི་ཡོད་པ་དང་། ཀུང་སིའི་ཁོངས་གཏོགས་སུ་ནས་མཉམ་ལས་ཁང་3ཡོད། ཞིང་དུད་300ལྷག་ཙམ་གྱིས་མཉམ་ལས་ཁང་གི་ལས་སྟེགས་ལ་བརྟེན་ནས་ཁེ་ལས་ལ་རྩམ་པ་སྤུས་ལེགས་ཏུན་1500ཡས་མས་མཁོ་འདོན་བྱེད་ཀྱི་ཡོད་པ་དང་ཁེ་ལས་ཀྱིས་ཀྱང་ལོ་ལྟར་ཁྲོམ་རའི་རིན་གོང་ལས་སྒོར་0.2མཐོ་བའི་རིན་གོང་ཐོག་ནས་རྩམ་པ་དེ་དག་ཉོ་སྒྲུབ་བྱས་ཏེ་མི་སེར་ལ་ཕན་པ་སྤྲོད་ཀྱི་ཡོད། ལྷག་འཕྲོས་ཆ་རྣམས་ཁེ་ལས་ཀྱིས་ད་དུང་རླངས་འཁོར་བཏང་སྟེ་ཤང་གྲོང་ཁག་ཏུ་ཉོ་སྒྲུབ་བྱེད་པར་སྐྱོད་པ་དང་། ཐ་ན་རྫོང་ཁོངས་ལས་བརྒལ་ཏེ་རྒྱལ་རྩེར་ཉོ་སྒྲུབ་བྱེད་པར་སྐྱོད་ཀྱི་ཡོད། ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། རྩམ་པའི་སྟབས་ཐུག་བཟོས་པ་ལས་ལོ་ལྟར་ནས་འདེབས་དུད་ཚང་1300ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཀྱི་ཡོད་ཅེས་བཤད།
           ངོ་སྤྲོད་བྱས་པར་གཞིགས་ན། བཟའ་བཅའ་ཀུང་སིར་ད་ལྟ་ལས་མི་45ཡོད་པའི་ནང་32ནི་ངལ་རྩོལ་ཅུས་ཀྱིས་ལས་བགོས་བརྒྱབ་པའི་ལས་ཞུགས་ལས་འགན་རེད། ལས་གནས་དེ་དག་ལ་ཟླ་བ་རེར་གཞི་རྩའི་ཟླ་ཕོགས་ཡོད་པ་ཕུད། ད་དུང་ལོ་མཇུག་ཏུ་ཆ་བགོས་ཀྱང་ལེན་རྒྱུ་ཡོད་པ་དེ་ལས་དཀའ་ངལ་ཡོད་པའི་ཁྱིམ་ཚང་མང་པོ་ཞིག་ལ་འབབ་ཁུངས་བརྟན་པོ་ཞིག་བྱུང་ཡོད། ད་ལྟ་བཟོ་གྲྭ་རྒྱ་བསྐྱེད་གནས་སྤོ་བྱེད་བཞིན་ཡོད། གྲོ་ཐོག་གིས་འབྱུང་འགྱུར་མི་སྔར་བས་མང་པོར་ཕན་པ་ཐོབ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།