འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥེང་ཁྲེང་གློག་འདོན་བཟོ་གྲྭའི"11•24"དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ཚོར་
    རྒུན་གསབ་འཛལ་ཚད་སྒོར་ཁྲི་120ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྥེང་ཁྲེང་གློག་འདོན་བཟོ་གྲྭའི'11•24'དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ཚོར་
རྒུན་གསབ་འཛལ་ཚད་སྒོར་ཁྲི་120ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན་གྱི་ཆུ་ཚོད་16པར། ཅང་ཞི་ཧྥེང་ཁྲེང་གློག་འདོན་བཟོ་གྲྭའི"11•24"ཡི་ཆེས་ཚབས་ཆེ་བའི་ལས་འཛོལ་དོན་རྐྱེན་ཨར་ལས་ཕྱོགས་ཏེ་ཧོ་པེ་དབྱི་ནེང་ཡཱན་ཐཱ་ལས་གཞི་ཚད་ཡོད་ཀུང་སིའི་འཐུས་ཚབ་ཧྲང་ཝེན་ཞང་གིས་ལས་འཛོལ་གྱི་རྒུན་གསབ་སྤྲོད་པའི་འཆར་གཞི་ཡོངས་བསྒྲགས་བྱས་པ་རེད། འཆར་གཞིའི་ནང་ཨར་ལས་ཁེ་ལས་ཀྱི་ད་ལྟའི་ལས་ཀ་ནི་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མར་རྒུན་གསབ་འཇལ་བའི་ཚད་དུ་སླེབས་ཡོད་ཅིང་། "རྒུན་གསབ་མང་ན་ལས་མི་ཉུང་བ་དང་། འདང་ངེས་འཇལ་སྤྲོད་བྱེད་པའི"ཁས་བླངས་ཏེ། གྱོང་རྒུན་གསབ་འཇལ་འགན་འཁུར་རྒྱུ་ཡིན་ལུགས་བསྟན་ཡོད་པ་རེད། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལ་གཞིགས་ན། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་གྲོས་མོལ་གང་ལེགས་བྱས་མཐར། མི་རེ་ལ་རྒུན་གསབ་འཇལ་ཚད་སྒོར་ཁྲི་120གཏན་འཁེལ་བྱས། གྱོང་རྒུན་དུས་ཐོག་ཏུ་གསབ་ཕྱིར། ནང་མི་ཚོ་དང་གྲོས་མོལ་བྱས་ཏེ་ཧྥེང་ཁྲེང་ས་ཁུལ་གྱི་དངུལ་ཁང་ནས་རྩིས་ཐོའི་ཨང་གྲངས་བཟོས་ནས་གྱོང་རྒུན་གསབ་དངུལ་དུས་ཐོག་ཏུ་འབྱོར་བའི་ཁག་ཐེག་བྱས་པ་རེད། གཞན་ཡང་། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིའི་པུར་ཁང་གི་འགྲོ་སོང་ཡང་ཨར་ལས་ཕྱོགས་ཀྱིས་ཆ་ཚང་གཏོང་འགན་ལེན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།