འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་ཞུགས་དབུལ་སྐྱོར་ལས་དཀར་མཛེས་རྟའུ་རྫོང་གི་མང་ཚོགས་དབུལ་པོར་འབབ་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ཁ་དྲོ། ཁ་དྲོ། ཁྱེད་ཚོའི་རྒྱབ་སྐྱོར་ཤུགས་ཆེན་དང་རོགས་རམ་མེད་ཚེ། རང་ཉིད་ལ་Bརིམ་པའི་ཁ་ལོ་བའི་ལག་ཁྱེར་རག་ཡོང་བསམ་པ་རྨི་ལམ་དུའང་འཁོར་མྱོང་མེད། ད་ལྟ་ངས་གཞན་ལ་དོས་སྐྱེལ་རླངས་འཁོར་གཏོང་རོགས་བྱས་པར། ཟླ་རེར་གླ་ཆ་སྒོར་6000རག་གི་འདུག་པས། ང་ཚོའི་ཁྱིམ་ཚང་འདི་ལོ་དབུལ་སྒྲོལ་ཐུབ་ངེས་རེད། བྱས་ཙང་སྙིང་དབུས་ནས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན” ཟླ་7ཚེས་1ཉིན་རྟའུ་རྫོང་ཁུག་ཆགས་ཤང་རྡོ་སྤུངས་གཞའ་གྲོང་ཚོའི་གྲོང་ཚོ་རིམ་པའི་བྱེད་སྒོ་ཁང་གི་སྒོ་འགྲམ་དུ་ཡིག་ཚགས་དང་གཱ་བཟོ་མཁན་དུད་ཚང་དབུལ་པོ་རྟ་མགྲིན་ཆེ་དགྲས་སེམས་འགུལ་་ཐེབས་བཞིན་དུ་སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་གི་གྲོང་ཚོར་་་་་བཅའ་སྡོད་ལས་བྱེད་པའི་ལག་ནས་འཇུས་ཏེ་དེ་ལྟར་བརྗོད།
          སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་དང་། ཁྲེང་ཏུའུ་དགེ་འོས་སློབ་གླིང་། ཀོང་ཏ་དངུལ་ཁང་ཁྲེང་ཏུའུ་ཡན་ལག་དངུལ་ཁང་བཅས་སྡེ་ཚན་གསུམ་གྱིས་2015ལོའི་ཟླ་6པར་སི་ཁྲོན་ཞིང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། རྟའུ་རྫོང་ཁུག་ཆགས་ཤང་རྡོ་སྤུངས་གཞའ་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་འགན་མཉམ་དུ་བླངས་ཏེ། ཟླ་7པར་རྡོ་སྤུངས་གཞའ་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་3མངགས་ཤིང་། ཁོང་ཚོས་ཟླ་1རིང་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་65ལ་འཚམས་འདྲི་བྱས་ཏེ། དབུལ་པོ་ཆགས་རྐྱེན་མཐིལ་རྟོགས་དང་དབུལ་སྒྲོལ་གྱི་ཐབས་ལམ་ལ་ཞིབ་འཇུག་བྱས་པ་རེད། གྲོང་ཚོ་དེའི་ལོའི་ཡོང་འབབ་སྒོར་5000མ་ཟིན་པའི་གཞོན་ནུ་དང་དར་མའི་ངལ་རྩོལ་ནུས་ཤུགས་ཐོན་སྐྱེད་ནུས་ཤུགས་ལ་ཇི་ལྟར་བསྒྱུར་བ་བྱེད་དགོས་སམ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“གནད་སྨིན་དྲུག”དང“ཁག་གཅིག་བྱས་པ་ལྔའི”སྤྱིའི་བླང་བྱ་གཞིར་བཟུང་། དབུལ་སྐྱོར་བྱ་ཡུལ་གྱི་འཕེལ་རྒྱས་ཀྱི་འདུན་པ་དང་། རིག་གནས་ཆུ་ཚད། རྩལ་ནུས་ཁྱད་ཆོས། ངལ་རྩོལ་ནུས་ཤུགས་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་གཞིགས་ནས་མི་ལ་བསྟུན་ནས་ཇུས་འདོན་པ་དང་། ལུས་ལ་ཚད་ནས་གོས་འཚེམ་པ་ལྟར“གཅིག་ལ་གཅིག་གཏད”ཀྱི་ཆ་སྒྲིག་དཀའ་རོགས་ཀྱི་ལས་ཞུགས་དབུལ་སྐྱོར་འཆར་གཞི་བཟོས་ཏེ། མ་དངུལ་གྱི་རོགས་སྐྱོར་དང་ངོ་སྤྲོད་དང་འོས་སྦྱོར་སོགས་དབུལ་སྐྱོར་ཐབས་ལམ་བརྒྱུད། སྔ་རྗེས་སུ་ཁྱིམ་ཚང་དབུལ་པོ་6ལ་ལས་གནས་ཐག་གཅོད་བྱས་པ་རེད།
           དབུལ་སྐྱོར་ཚན་པ་གསུམ་གྱིས་སོ་སོའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། ལས་ཞུགས་དབུལ་སྐྱོར་ཐད་གནད་སྨིན་རོགས་སྐྱོར་བྱས་ཤིང་། སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་དང་ཁྲེང་ཏུའུ་དགེ་འོས་སློབ་གླིང་གིས། འགྲོ་གྲོན་སྒོར་ཁྲི་1རེ་བཏང་སྟེ་དབུལ་སྐྱོར་བྱ་ཡུལ་པད་མ་དབང་རྒྱལ་དང་རྟ་མགྲིན་ཆེ་དགྲར་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་བྱས་པ་དང་། ཟླ་6པའི་ཟླ་མཇུག་ཏུ་ཁོང་གཉིས་ལ་Bརིམ་པའི་ཁ་ལོ་བའི་ལག་ཁྱེར་བདེ་བླག་ངང་རག་པ་དང་ཆབས་ཅིག ཁོང་ཚོར་ལས་གནས་ཐག་གཅོད་ཐུབ་སྟེ། ཟླ་རེར་ཡོང་འབབ་སྒོར་6000བྱུང་བ། ཀོང་ཏ་དངུལ་ཁང་གིས་དབུལ་སྐྱོར་བྱ་ཡུལ་རྟ་མགྲིན་རྡོ་རྗེ་དར་རྩེ་མདོའི་ཨར་ཁང་དུ་ལས་སྣེ་འཁྲིད་མཁན་ལ་ངོ་སྤྲོད་བྱས་པར། ཟླ་རེར་ཡོང་འབབ་སྒོར་2400བྱུང་བ། ཁྲེང་ཏུའུ་གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་ས་འོག་ལྕགས་ལམ་ཡན་ལག་ཅུས་ཀྱིས་ལས་རོགས་ཉེན་རྟོག་པ་བསྡུ་བའི་ལས་གནས་བླང་བྱར་གཞིགས་ནས། སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་དང་ཁྲེང་ཏུའུ་དགེ་འོས་སློབ་གླིང་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། དབུལ་སྐྱོར་བྱ་ཡུལ་རྣམ་སྒྲོན་ལ་ཆེད་མངགས་ཆེད་དོན་བསྐྱར་སྦྱོང་བྱས་པ་དང་ཆབས་ཅིག ལས་གནས་བསྡུ་མཁན་ཚན་པར་འོས་སྦྱོར་ཧུར་ཐག་བྱས་པ་དང་། ཟླ་5པར་རྣམ་སྒྲོན་ཁྲེང་ཏུའུ་གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་ས་འོག་ལྕགས་ལམ་ཡན་ལག་ཅུས་སུ་བདེ་བླག་ངང་བསྡུས་པར་ཟླ་རེར་ཡོང་འབབ་སྒོར་3200བྱུང་བ། སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཤང་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ་དབུལ་སྐྱོར་བྱ་ཡུལ་རྡོ་རྗེ་བློ་རིག་རྟའུ་རྫོང་གློག་ཤུགས་ཀུང་སིར་ལས་གནས་ངོ་སྤྲོད་བྱས་པར། ཟླ་རེར་ཡོང་འབབ་སྒོར་2800བྱུང་བ། ཁྲེང་ཏུའུ་དགེ་འོས་སློབ་གླིང་གིས་ཆ་སྒྲིག་དབུལ་སྐྱོར་བྱ་ཡུལ་དབྱང་ཅུན་ཧྭ་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་ལྷ་སྐུ་རྐོ་དཀྲོལ་གྱི་ལས་ཀ་ངོ་སྤྲོད་བྱས་པར། ཟླ་བ་རེར་ཡོང་འབབ་སྒོར་4600བྱུང་ཡོད་པ་རེད།
           “མི་གཅིག་ལས་ཞུགས་ཐུབ་ཚེ་ཁྱིམ་ཚང་ཡོངས་དབུལ་སྒྲོལ་བྱེད་ཐུབ” གོང་གསལ་གྱི་ཁྱིམ་ཚང་དབུལ་པོར་ཟླ་བ་མི་རེ་ངོ་རེར་བུ་ཕྲུག་གི་གླ་ཆ་རག་ནས་སྤྲོ་བ་རབ་ཏུ་རྒྱས། གྲོང་མི་དོན་གྲུབ་ཚེ་རིང་གིས“ད་ལྟ་ང་ཚོའི་ཁྱིམ་ཚང་ལ་ཟླ་བ་མི་རེ་ངོ་རེར་གཏན་འཇགས་ཀྱི་ཡོང་འབབ་ཡོད་པས། གང་ཞིག་ཉོ་དགོས་ཀྱང་ཉོ་ཐུབ་པ་དང་། ལག་པར་དངུལ་ཡོད་པས་འཚོ་བ་དངོས་གནས་སྐྱིད་པོ་འདུག ཏང་གི་ལས་བྱེད་པ་ཡག་པོ་དང་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།