འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ཉི་ཡའི་ནེ་རོ་པི་རུ་གནའ་རྫས་འདྲ་བའི་གནམ་གྲུ་རྙིང་གོག་འཕུར་གཏོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁེན་ཉི་ཡའི་ནེ་རོ་པི་རུ་གནའ་རྫས་འདྲ་བའི་གནམ་གྲུ་རྙིང་གོག་འཕུར་གཏོང་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན། གནའ་རྫས་འདྲ་བའི་གནམ་གྲུ་རྙིང་གོག་བཅུ་གྲངས་ཤིག་ནེ་རོ་པིའི་རྒྱལ་ཁབ་སྤྱི་གླིང་དུ་འཕུར་བསྐྱོད་ཀྱི་ལྟད་མོ་སྟོན་པ་རེད། ནེ་ལུའོ་པི་ནི་གནའ་རྫས་འདྲ་བའི་གནམ་གྲུ་རྙིང་གོག་རིམ་པ་རྗེས་མཐུད་དང་མིག་སྟོན་བྱེད་སྒོ་སྤེལ་སའི་ས་ཚིགས་ལྔ་པ་ཡིན་པ་རེད། ཟླ་11ཚེས་12ཉིན། གནའ་རྫས་འདྲ་བའི་གནམ་གྲུ་རྙིང་གོག་དེ་དག་ཀེ་རེ་སིའི་ཁེ་ལི་ཐེ་གླིང་ཕྲན་ནས་འཕུར་བ་དང་། རིམ་པར་ཨེ་ཅིབ་དང་སུའུ་ཏན། ཨེ་སེ་ཨོ་པི་ཡ་བཅས་སུ་མིག་སྟོན་བྱས་རྗེས་ཁེན་ནེ་ཡར་ལོག་སླེབས་པ་རེད། ཁེན་ནེ་ཡ་རུ་མིག་སྟོན་མཇུག་སྒྲིལ་རྗེས། གནའ་རྫས་འདྲ་བའི་གནམ་གྲུ་རྙིང་གོག་དེ་དག་མུ་མཐུད་ནས་ཐན་ཙན་ཉི་ཡ་དང་། ཙམ་པ་པབ་ཝེ། པོ་ཚི་ཝ་ན་བཅས་སུ་འཕུར་ནས། མཇུག་མཐར་བྱེད་སྒོ་ཡོངས་རྫོགས་ལྷོ་ཨ་ཧྥེ་རི་ཁའི་ཁོམ་ཕི་ཐོན་དུ་མཇུག་རྫོགས་པ་རེད། འདི་ནི་ཁེན་ཉི་ཡའི་རྒྱལ་ས་ནེ་རོ་པིའི་རྒྱལ་ཁབ་སྤྱི་གླིང་དུ་གནའ་རྫས་འདྲ་བའི་གནམ་གྲུ་རྙིང་གོག་ཞིག་མཐོ་ཚད་དམའ་མོར་འཕུར་བསྐྱོད་བྱས་ཏེ་ལྟད་མོ་བ་ཚོའི་མིག་ལམ་དུ་སྟོན་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཁེན་ཉི་ཡའི་ནེ་རོ་པི་རུ་གནའ་རྫས་འདྲ་བའི་གནམ་གྲུ་རྙིང་གོག་འཕུར་གཏོང་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།