འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་སྤྱི་ཚོགས་ལ“རྒྱུད་གཅིག་ལམ་གཅིག”བསྐྲུན་ཆེད་བདེ་འཇགས་ཁོར་ཡུག་
    མཁོ་འདོན་བྱེད་དགོས་པའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་གྲོས་མོལ་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་གནད་དོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་མཐའ་གཅིག་ཏུ་བྱུང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་སྐྱོབ་བྱེད་པའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་ཡོང་བ་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས་བཅས་ཀྱི་ཁྱབ་ཁོངས་ཐད་ནས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་སྐྱོབ་མཁོ་འདོན་བྱེད་དགོས་པའི་རེ་འབོད་བྱས་པ་རེད། གྲོས་ཆོད་ནང“རྒྱུད་གཅིག་ལམ་གཅིག”སོགས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་གཞིར་དགའ་བསུ་ཐོབ་པ་དང་ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་སོགས་ལ་བརྟེན་ནས་ཨ་ཧྥུ་ཀ་ནི་སི་ཐན་དང་དེ་བཞིན་ས་ཁུལ་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་གཏོད་ཆེད་བདེ་འཇགས་འགན་ལེན་གྱི་ཁོར་ཡུག་མཁོ་འདོན་བྱེད་དགོས་པའི་རེ་འབོད་བྱས་པ་རེད།
         གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ལིའུ་ཅེ་དབྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འདི་ལོའི་ཟླ་གསུམ་པར“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིར་སྐུལ་འདེད་གཏོང་བའི་ནང་དོན་གྱི་གྲོས་ཆོད་ཨང་2274ལ་གྲོས་འཆམ་བྱུང་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ད་ཐེངས་ཀྱི་གྲོས་ཆོད་ནང“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་ཐོག་མར་བཀོད་པར་ཚོགས་མིའི་རྒྱལ་ཁབ་193གྱི་མོས་མཐུན་མཐའ་གཅིག་ཏུ་ཐོབ་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིར་སྐུལ་འདེད་གཏོང་རྒྱུར་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱེད་པ་མཚོན་ཐུབ་ཅེས་སྨྱན་སྦྱོར་ལ་བཤད་པ་རེད།
         ལིའུ་ཅེ་དབྱིས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་ནི་མཉམ་མོལ་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་རྩ་དོན་དུ་བྱེད་པ་དང་། ཞི་བདེ་མཉམ་ལས་དང་། སྒོ་དབྱེ་ཁོང་ཡངས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་དར་གོས་ལམ་བུའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ། ལས་དབང་གཅིག་མཐུན་འདུས་གྲུབ་དང་ཁེ་ཕན་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་མཉམ་ལས་དམིགས་ཚད་དུ་བྱེད་པ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཡོངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཀྱི་གཏན་འབེབས་གཞིར་བཟུང“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ནང་ཧུར་ཐག་ཞུགས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དང་དེ་བཞིན་རྣམ་གྲངས་ལག་ལེན་བསྟར་རྒྱུར་བདེ་འཇགས་འགན་ལེན་གྱི་ཁོར་ཡུག་ཅིག་མཁོ་འདོན་བྱེད་པ་དང་། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་སྦྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབྲེལ་ཡོད་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་ལྷག་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།