འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཤིང་སོན་ལ་གློག་རྡུལ་ཐོབ་ཐང་ལག་ཁྱེར་བཟོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཤིང་ནགས་ཚན་རིག་ཞིབ་འཇུག་ཁང་གིས་
    བརྟག་དཔྱད་ཚོགས་ཆུང་ཐོག་མ་རྩ་འཛུགས་བྱས་ནས། རྣམ་གླིང་རྫོང་དང་གོང་དཀར་རྫོང་དུ་ཤིང་སོན་བཙོང་ཟིན་པར་རྗེས་སྙེག་བརྟག་དཔྱད་བྱས་པ་མ་ཟད། ཤིང་སོན་ལ་གློག་རྡུལ་ཡིག་ཚགས་འཐུས་ཚང་བཟོས་ནས། ཤིང་སོན་རིགས་ཀྱི་ཡིག་ཚགས་དོ་དམ་འཐུས་ཚང་ལེགས་བཅོས་བྱས་ཤིང་། སྔོན་དཔག་བྱས་ན་ལོ་གཅིག་གི་རྗེས་བེད་སྤྱོད་བྱེད་ཐུབ་རྒྱུ་རེད།“ཤིང་སོན་གློག་རྡུལ་ཡིག་ཚགས་ཀྱི་ནང་དོན་གཙོ་བོའི་གྲས་སུ་ཤིང་སོན་གྱི་ཡོངས་ཁུངས་དང་། དེ་འབྲེལ་གྱི་པར་རིས། ཤིང་སོན་གྱི་སྤུས་ཀ་དང་དེ་བཞིན་སྐྱེ་སྟངས་སྐྱེ་ལུགས། སོན་འདེབས་དང་བདག་སྐྱོང་ལག་རྩལ། གནོད་འབུ་སོགས་ཀྱི་ཆ་འཕྲིན་ཚུད་ཡོད་པ་རེད།”  བོད་རང་སྐྱོང་ལྗོངས་ཀྱི་ཤིང་ནགས་ཚན་རིག་ཞིབ་འཇུག་ཁང་གི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་གནང་བ་ལྟར་ན།ད་ལྟ་གློག་རྡུལ་ཡིག་ཚགས་འཆར་འགོད་ཀྱི་ལས་ཀ་ཕྱོགས་ཡོངས་ནས་འགོ་ཚུགས་ཟིན་པ་དང་། ལས་དོན་འགྲུབ་པའི་རྗེས་དྲ་ཚིགས་དང་རྩ་གཉིས་བཤེར་རྟགས་ཀྱི་ལག་རྩལ་དང་ཟུང་འབྲེལ་ཐོག་ནས་ཁྱབ་སྤེལ་བྱེད་རྒྱུ་ཡིན་པ་རེད། 

      

    ཕྱོགས་བསྡུས་གསར་འགྱུར།