འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་ཟླ་12ཚེས་1ཉིན་ནས་བཟུང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་
    འཁོར་རྟགས་ཚོད་ལྟ་བྱེད་འགོ་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་སྔར་བས་དབྱེ་འབྱེད་གསལ་པོ་ཐུབ་པ། ཧེ་བག་ཅན་གྱི་འགྲིམ་འགྲུལ་དོ་དམ་སྲིད་ཇུས་ལག་ལེན་བསྟར་བ་བཅས་བྱ་ཆེད། སྤྱི་བདེ་པུས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་འཁོར་རྟགས་ཚོད་ལྟ་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད། 2016ལོའི་ཟླ་12ཚེས་1ཉིན་ནས་བཟུང་ཧྲང་ཧའེ་དང་། ནན་ཅིང་། ཝུའུ་ཤིས། ཅི་ནན། ཧྲེན་ཀྲེན་བཅས་གྲོང་ཁྱེར་ལྔ་རུ་ནུས་རྒྱུ་གསར་པའི་རླངས་འཁོར་འཁོར་རྟགས་སྔོན་དུ་ཚོད་ལྟ་བྱ་རྒྱུ་རེད།
         ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཁོར་རྟགས་ལས“ལྗང་མདོག་ཁོར་ཡུག་སྲུང་སྐྱོང”གི་ཤུགས་བསྟན་གོ་དོན་མཚོན་ཞིང་། ལྗང་མདོག་ཚོན་མདོག་གཙོ་བོར་བྱས་ནས་ཆེད་སྤྱོད་མཚོན་རྟགས་ཟུར་སྣོན་བྱས་པ་མ་ཟད། རྫུན་འགོག་ལག་རྩལ་དང་བཟོ་རྩལ་གསར་པ་སྤྱད་ཡོད་པས། གཅིག་ནས་ཁུལ་དབྱེའི་དོ་དམ་མངོན་འགྱུར་བྱུང་ནས་དབྱེ་འབྱེད་གསལ་པོ་ཐུབ་རྒྱུ་དང་། གཉིས་ནས་ནུས་རྒྱུ་གསར་པའི་ཁྱད་ཆོས་དང་ལག་རྩལ་དཔེ་གསར་མངོན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།