འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་དུ་ལྕགས་ལམ་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི་5ལྷག་ཙམ་ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2016ལོར་རྒྱལ་ཡོངས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་འཕེལ་རིམ་བདེ་བླག་བྱུང་ཞིང་། ཟླ་10པའི་ཟླ་མཇུག་བར་ཀྲེང་ཀྲོའུ་ནས་ཞུས་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་རྣམ་གྲངས་22ལས་གཉེར་བྱེད་འགོ་ཚུགས་པ་དང་ལས་གཉེར་ལམ་ཐག་སྤྱི་ལེ་1209.9ཟིན་གྱི་ཡོད། སྔོན་དཔག་བྱས་ན་ལོ་མཇུག་གོང་རྣམ་གྲངས་35སྔ་རྗེས་སུ་ལས་གཉེར་བྱེད་འགོ་འཛུགས་རྒྱུ་དང་ལམ་ཐག་སྤྱི་ལེ་2000ལྷམ་ཙམ་ཟིན་རྒྱུ་ཡིན་པས་སྐབས་དེར་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་དུ་ལྕགས་ལམ་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི་5ལྷག་ཙམ་ཟིན་ནས་2017ལོའི་དཔྱིད་གསར་སྐྱེལ་འདྲེན་ལྕགས་ལམ་གྱི་འགྲུལ་སྐྱེལ་ནུས་པ་ལོ་གོང་མ་ལས་7.5%འཕར་རྒྱུ་ཡིན་པ་རེད།
         ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྕགས་ལམ་སྤྱི་ཁྱབ་ཀུང་སིས་ལྕགས་ལམ་འཛུགས་སྐྲུན་དང་ལྷག་དོན་དུ་དབུས་ནུབ་རྒྱུད་ཀྱི་ལྕགས་ལམ་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་2016ལོར་ལྕགས་ལམ་ལ་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་8000ཡན་དང་ལས་གཉེར་ལམ་ཐག་སྤྱི་ལེ་3200སོགས་ཀྱི་ལས་འགན་དང་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། ལོ་མཇུག་གོང་ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཀུའེ་དབྱང་ནས་ཁུན་མིང་བར་གྱི་དུམ་བུ་དང་། ཡུན་ནན་ནས་ཀོང་ཤིས་ལྕགས་ལམ་གྱི་པའེ་སི་ནས་ཁུན་མིང་བར་གྱི་དུམ་བུ། ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་ལྕགས་ལམ། ལན་ཀྲོའུ་ནས་ཁྲུང་ཆིང་བར་གྱི་ལྕགས་ལམ་གྱི་ཀོང་ཡོན་ནས་མིན་རྫོང་བར་གྱི་དུམ་བུ་སོགས་རིང་ལ་ཆེ་བའི་མ་ལམ་རྣམ་གྲངས་ཁག་གཅིག་ལས་གཉེར་བྱེད་འགོ་ཚུགས་རྒྱུ། ཁྲང་ཧྲ་དང་། ཀྲུའུ་ཀྲོའུ། ཤང་ཐན་བཅས་བར་གྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ(ཁྲང་ཧྲ་ནས་ཆི་ཏུའོ་ཁྲུང་དང་མུའུ་ཡུན་ནས་ཤང་ཐན་བར་གྱི་དུམ་བུ)དང་། ཝུའུ་ཧན་ནས་ཤའོ་ཀན་བར་གྱི་ལྕགས་ལམ། ཧུའུ་ཧོ་ཧའོ་ཐེ་ནས་ཇུན་གར་བར་གྱི་ལྕགས་ལམ་སོགས་ཀྱང་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་རྒྱུ། དེའི་ཁྲོད་ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཀུའེ་དབྱང་ནས་ཁུན་མིང་བར་གྱི་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་དེ་ཐོག་ནས་རང་རྒྱལ་གྱི“འཕྲེད་བཞི་གཞུང་བཞིའི”འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ་གྱི་སྒྲོམ་གཞི་གཙོ་བོའི་གྲས་ཡིན་པའི་ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།