འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཁྲིམས་ཁང་ཁོངས་གཏོགས་ཀྱི་ངལ་རྩོལ་རྩོད་གཞི་དང་ཁེ་དབང་སྲུང་སྐྱོང་རིགས་
    ཀྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་ཐོག་མ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན། ཧྲང་ཧའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་གཏུག་བཤེར་ཞབས་ཞུའི་ལྟེ་གནས་ཚོམས་ཆེན་དུ“ཕྱི་ནས་གླ་པར་ཡོང་མཁན་གྱི་ངལ་རྩོལ་ཁེ་དབང་སྲུང་སྐྱོང་ལས་དོན་ཁང”གསར་དུ་བཙུགས་ཤིང་། རྒྱལ་ཡོངས་ཁྲིམས་ཁང་ཁོངས་གཏོགས་ཀྱི་གཞུང་ཕྱོགས་ཀྱིས་བདེན་དཔང་ར་སྤྲོད་བྱས་པའི་ངལ་རྩོལ་རྩོད་གཞི་དང་ཁེ་དབང་སྲུང་སྐྱོང་རིགས་ཀྱི་སྐད་འཕྲིན་སྤྱི་རྟགས་ཏེ“ཁྲིམས་དཔོན་ཆའོ་ཡིས་ཁྲིམས་ཤོད་པ”ཞེས་པ་མཉམ་དུ་ཤར་གཏོང་བྱས་པ་དེའི་དམིགས་ཡུལ་ནི་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་མང་པོ་བརྒྱུད་ཕྱི་ནས་གླ་པར་ཡོང་མཁན་སྔར་བས་མང་བར་དེ་བས་ཆེད་ལས་དང་སྟབས་བདེའི་ཁྲིམས་ལུགས་ཞབས་ཞུ་བྱ་ཆེད་ཡིན་པ་རེད།
         གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ནས་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་གི་འགན་ལེན་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་ཁང་ཁོངས་གཏོགས་སུ་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་ཧྲང་ཧའེ་ཡི་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། དམངས་དོན་འདྲི་གཅོད་ཁང་གསུམ་པས《ངལ་རྩོལ་ཚགས་པར》གྱི“ཁྲིམས་དཔོན་ཆའོ་ཡིས་ཁྲིམས་ཤོད་པ”ཞེས་པའི་ཆེད་སྒྲིག་ལེ་ཚན་གྱི་རྨང་གཞིའི་ཐོག་སྲོལ་རྒྱུན་དང་དེང་རབས་དང་། རྟོག་བཟོ་དང་དངོས་ཡོད། དྲ་ཐོག་དང་དྲ་ཕྱི་བཅས་ཕྱོགས་མང་པོ་ཟུང་དུ་འབྲེལ་བའི་ལག་རྩལ་བྱེད་ཐབས་སྤྱད་དེ་གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་དུ“ཕྱི་ནས་གླ་པར་ཡོང་མཁན་གྱི་ངལ་རྩོལ་ཁེ་དབང་སྲུང་སྐྱོང་ལས་དོན་ཁང”གསར་པ་བཙུགས་ཁར“ཁྲིམས་དཔོན་ཆའོ་ཡིས་ཁྲིམས་ཤོད་པ”ཞེས་པའི་མིང་མཚུངས་ཀྱི་སྐད་འཕྲིན་སྤྱི་རྟགས་བཙུགས་ཏེ་ངལ་རྩོལ་རྩོད་གཞིའི་འདྲི་གཅོད་ལས་དོན་གྱི་སྤུས་རྟགས་གསར་པ་ཧུར་ཐག་བཏོད་ཡོད།
         ཁོངས་གཏོགས་ཁུལ་དུ་ངལ་རྩོལ་གཅིག་འདུས་ཅན་གྱི་བཟོ་ལས་གླིང་ཅུང་མང་བ་དང་། ཕྱི་ནས་གླ་པར་ཡོང་མཁན་ཅུང་མང་བ། ཚོགས་སྤྱིའི་རང་བཞིན་གྱི་ངལ་རྩོལ་རྩོད་གཞི་ཅུང་ཐོན་མང་བ་བཅས་ཀྱི་ཁྱད་ཆོས་ལ་དམིགས་པ་དང་རྒྱ་ཆེའི་ཞིང་པ་ལས་མི་དང་ཕྱི་ནས་གླ་པར་ཡོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཞབས་ཞུ་སྟབས་བདེ་ཡོང་ཆེད། ཧྲང་ཧའེ་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པའི་དམངས་དོན་འདྲི་གཅོད་ཁང་གསུམ་པས“ཕྱི་ནས་གླ་པར་ཡོང་མཁན་གྱི་ངལ་རྩོལ་ཁེ་དབང་སྲུང་སྐྱོང་ལས་དོན་ཁང”གསར་པ་བཙུགས་ཤིང་། ལས་དོན་ཁང་གིས་ཁྲིམས་དཔོན་ཆའོ་པེ་ཧྭ་དང་དམངས་དོན་འདྲི་གཅོད་ཁང་གསུམ་པའི་འདྲི་གཅོད་དཔོན་རྒན་གྲས་དང་འདྲི་གཅོད་པས་ཟླ་བ་མི་རེ་ངོ་རེར་དུས་བཀག་ནང་རེས་སྐོར་ལས་རེས་བདག་སྤྲོད་བྱ་རྒྱུ་དང་བློ་འདྲིའི་ནང་དོན་ནི་ཞིང་པ་ལས་མིའི་ངལ་རྩོལ་རྩོད་གཞི་གཙོ་བོར་བྱེད་པ་དང་ཕྱི་ནས་གླ་པར་ཡོང་མཁན་གྱི་ངལ་རྩོལ་རྩོད་གཞི་རམ་འདེགས་སུ་བྱ་རྒྱུ་རེད། གཏུག་བཤེར་བྱེད་བཞིན་པའི་གྱོད་གཞིར་བདག་སྤྲོད་མི་བྱེད་པ་དང་ངལ་རྩོལ་རྩོད་གཞིའི་འདུམ་གཅོད་དུས་མཚམས་སུ་སླེབས་རུང་གཏུག་བཤེར་དང་འབྲེལ་བ་མེད་པའི་རིགས་བདག་སྤྲོད་བྱེད་ཆོག
         ལས་དོན་ཁང་བཙུགས་རྗེས་ཧྲང་ཧའེ་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པའི་དམངས་དོན་འདྲི་གཅོད་ཁང་གསུམ་པས“ཕྱིར་སྐྱོད་པའི”བྱེད་སྟངས་སྤྱད་དེ་ཆེད་ལས་ཁྲིམས་དཔོན་ཚོགས་པ་སྒྲིག་འཛུགས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཞིང་པ་ལས་མི་དང་ཕྱི་ནས་གླ་པར་ཡོང་མཁན་གྱི་ཅུང་གཅིག་སྡུད་ཆེ་བའི་བཟོ་ལས་གླིང་དུ་ཁྲིམས་ལུགས་ཤེས་བྱ་འཁྲིད་རྒྱུ་དང་བློ་འདྲི་དང་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།