འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་གཟའ་འཁོར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན་ནས་ཟླ་12ཚེས་4ཉིན་བར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་2016ལོའི་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་རེད།
         བྱེད་སྒོ་དེ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་སྒྲིག་འཛུགས་བྱས་ནས་སྤེལ་བ་ཞིག་ཡིན་པ་དེ་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་པའི་ཆེད་དོན་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཞིག་དང་རྒྱལ་ཁབ་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྤུས་རྟགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་རེད། 2003ལོ་ནས་བཟུང་། གྲུབ་འབྲས་ཐོབ་པའི་ངང་སྐབས་13གཉེར་ཟིན་པ་དང་འདི་ལོ་ནི་སྐབས་14པ་ཡིན་པ་རེད།
         བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔར་སྐབས་དེའི་ཞབས་ཞུའི་གཟའ་འཁོར་གྱི་བྱེད་སྒོར་ཞུགས་པའི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་160ཡོད། ས་ཁུལ་ཁག་གིས་ས་གནས་ས་ཐོག་ཏུ་གདན་ཞུའི་འདུ་ཚོགས་177འཚོག་རྩིས་ཡོད་པ་དང་ཚོད་རྩིས་བྱས་ན་འདུ་ཚོགས་ལ་ཞུགས་མཁན་མི་སྤྱོད་ཚན་པ་ཁྲི་2.2ཟིན་ནས་མི་གྲངས་ཁྲི་50ལྷག་ཙམ་གདན་ཞུ་བྱ་རྩིས་ཡོད་པ་རེད། དྲ་ཚུགས་135ཡིས་དྲ་རྒྱའི་གདན་ཞུའི་འདུ་ཚོགས་འཚོགས་ནས་ཚོད་རྩིས་བྱས་ན་ལས་གནས་ཆ་འཕྲིན་ཁྲི་55མཁོ་འདོན་བྱ་རྩིས་ཡོད་པ་རེད།
         ཞབས་ཞུའི་གཟའ་འཁོར་རིང་མཐོ་སློབ་སློབ་ཐོན་སློབ་མས་ཀྲུང་གོའི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་དྲ་བ་(www.chrm.gov.cn)དང་། ཀྲུང་གོའི་སྤྱི་པའི་གདན་ཞུའི་དྲ་བ་(www.cjob.gov.cn) ཀྲུང་གོའི་རྒྱལ་ཁབ་ཤེས་ལྡན་པའི་དྲ་བ་(www.newjobs.com.cn)བཅས་ཀྱི་བྱེད་སྒོའི་ཆེད་བཙུགས་ཁུལ་ནང་ཞུགས་ཏེ་རྒྱལ་ཡོངས་ཀྱི་དྲ་རྒྱའི་གདན་ཞུའི་འདུ་ཚོགས་ཀྱི་ལས་གནས་རེ་ཞུ་དང་གདམ་གསེས་བྱེད་པ་དང་ཡང་ན་ཀྲུང་གོའི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་དྲ་བ་དང་ཀྲུང་གོའི་རྒྱལ་ཁབ་ཤེས་ལྡན་པའི་དྲ་བར་ཞུགས་ནས་ཤེས་ལྡན་པའི་ཚད་ལེན་ཚོད་ལྟ་བྱེད་ཆོག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་གིས་གཉེར་བའི་ས་གནས་ས་ཐོག་གི་གདན་ཞུའི་འདུ་ཚོགས་ཀྱི་དུས་ཚོད་དང་ས་གནས་སོགས་ཞིབ་ཕྲའི་ནང་དོན་གོང་གསལ་དྲ་ཚུགས་ཀྱི་བྱེད་སྒོའི་ཆེད་བཙུགས་ཁུལ་ནང་ཞུགས་ནས་འདྲི་རྩད་བྱེད་ཆོག
      

    ཕྱོགས་བསྡུས་གསར་འགྱུར།